འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཉང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ཐད་ཕན་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཉང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ཐད་ཕན་འབྲས་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཉང་ཆུ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཡོད་པའི་ཡར་ཀླུང་གཙང་བོའི་དབུས་རྒྱུད་ཀྱི་ཆུ་ལག་ཅིག་ཡིན། ཆུ་བོ་འདིའི་འབབ་རྒྱུད་ཀྱི་ནགས་ཚལ་ཁེབས་རྒྱ་ཕུན་སུམ་ཚོགས་ལ་ཆུ་བོ་མར་གད་མདངས་ལྟར་དྭངས་ཤིང་སྔོ་བས། ཉིང་ཁྲི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱས་ཚུལ་མཚོན་པའི་མེ་ལོང་ལྟ་བུ་ཞིག་རེད། ཉེ་བའི་ལོ་འགའི་རིང་ཉིང་ཁྲི་ས་ཁུལ་གྱིས"རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ས་ཁུལ"གསར་སྐྲུན་བྱེད་རྒྱུ་སོགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ནས་ནུས་ཁུངས་གཙང་མ་གསར་སྤེལ་དང་།གཞུང་ལམ་སྲ་འགྱུར་ལྗང་འགྱུར། ཆུའི་ཐོན་ཁུངས་སྲུང་སྐྱོང་སོགས་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་གསར་སྐྲུན་བྱས་པ་རེད། 2012ལོ་ནས་2014ལོའི་ལོ་མཇུག་བར་ས་ཁུལ་དེའི་གྲོང་ཚོ་316ལ"རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ"ཞེས་པའི་མཚན་སྙན་ཐོབ་པ་དང་། 2015ལོར་ཡང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྫོང་གཉིས་གསར་དུ་འཕར་སྣོན་བྱུང་བ་རེད།
    【1】  【2】
    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཉང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ཐད་ཕན་འབྲས་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།