འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་པར་ཙིར་
    རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་པར་ཙིར་རྒྱལ་ཁབ་ཀྱི་ལི་ཡུའེ་རེ་ནེ་ལུའུ་གྲོང་ཁྱེར་དུ་པར་ཙིར་རྒྱལ་ཁབ་ཀྱི་རིག་གཞུང་ལས་རིགས་མི་སྣ་དང་ཕྱིར་སྡོད་ཀྲུང་གོ་བའི་འཐུས་མི་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་སྐོར་སྤེལ་རེས་གནང་བ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོའམ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་ལེགས་པོ་འགྲོ་བཞིན་ཡོད་པ་དང་། འགྲོ་འོང་དང་སྤེལ་རེས་ཀྱང་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། ཐེངས་འདི་ང་ཚོ་འཚམས་འདྲིར་ཡོང་བ་བརྒྱུད་ཕན་ཚུན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུས་ལོན་ཇེ་ཟབ་དང་མཛའ་བཤེས་ཇེ་ཟབ་ཡོང་བར་བྱས་ནས་པར་ཙིར་མི་དམངས་ཀྱིས་བོད་ལྗོངས་རྣལ་མ་ཤེས་རྟོགས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         བཞུགས་མོལ་ཚོགས་འདུར་ཞུགས་པའི་པར་ཙིར་རྒྱལ་ཁབ་རིག་གཞུང་ལས་རིགས་མི་སྣས་འཐུས་མི་ཚོགས་པའི་ས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། རྒྱུན་མཐུད་ངང་འཕེལ་རྒྱས་སོགས་དོ་ཁུར་བྱེད་པའི་གནད་དོན་སྐོར་སྐད་ཆ་དྲིས་ཏེ་ཤེས་རྟོགས་གནང་བ་དང་། ཁོང་ཚོས་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་སྔ་ཕྱི་བར་གསུམ་དུ་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱེད་ཀྱི་ཡོད་པ་མ་ཟད།  འཕེལ་རྒྱས་གཏོང་རིང་རྒྱལ་ཁབ་གཉིས་ལ་འདྲ་མཚུངས་ཡིན་སའང་མང་པོ་ཡོད་པས། བོད་ལྗོངས་འཕེལ་རྒྱས་བྱུང་བའི་ཉམས་མྱོང་དེས་པར་ཙིར་རྒྱལ་ཁབ་ཀྱི་ས་ཁོངས་བར་འཕེལ་རྒྱས་དོ་མཉམ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དཔེ་ལྟ་ས་འདོན་སྤྲོད་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།