འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་31ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཉིང་ཁྲིའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་30ཉིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་ཉིང་ཁྲི་རྫོང་དཀའ་ལམ་གྲོང་ཚོར་དངོས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་ཁམ་བུའི་མེ་ཏོག་གི་དུས་ཆེན་གཏོང་བར་འདུས་འཛོམས་བྱུང་ཡོད་པ་དང་། ཡུལ་སྐོར་བ་ཚོས་ཁམ་བུའི་མེ་ཏོག་གཟིགས་ཐུབ་པ་མ་ཟད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་གར་སོགས་ཀྱང་གཟིགས་ཐུབ་པ་རེད།  ཉིང་ཁྲིའི་དཀའ་ལམ་གྲོང་ཚོ་ནི་ཟླ་གསུམ་པའི་ནང་ཁམ་བུ་མེ་ཏོག་ལ་གཟིགས་པའི་གནས་མཆོག་ཅིག་ཡིན་ཞིང་། ཉིང་ཆུའི་འགྲམ་ངོགས་སུ་ཁམ་བུའི་སྡོང་པོ་དང་ས་ཞིང་གཉིས་མཉམ་དུ་སྡེབ་ཡོད་པས། ལྟ་ན་སྡུག་པའི་མཛེས་ལྗོངས་ཞིག་གཟིགས་མོ་བ་ཀུན་གྱི་མིག་ལམ་མངོན་ཡོད་པ་རེད།
    ༄༅།།བོད་ལྗོངས་ཉིང་ཁྲིའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།