འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་22པའི་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་11ཉིན་པེ་ཅིང་དུ་སྐབས་22པའི་པེ་ཅིང་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་འགོ་ཚུགས་པ་རེད། འཁྲབ་ཁྲིད་པ་ཀྲང་ཨེ་ཅས་འཁྲབ་ཁྲིད་བྱས་པའི་<<ཉན་ཉན་>>ཞེས་པའི་གློག་བརྙན་དེ་འགོ་ཚུགས་གློག་བརྙན་དུ་བྱས་ནས་པེ་ཅིང་དུ་བསྟན་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཉིང་ཧའོ་དང་། ཏིའོ་དབྱི་ནན། ཞུའེ་ཞའོ་ལུའུ། ལུའུ་ཁྲོན། ཀུའུ་ཁྲང་ཝུའེ། ཀྲང་མོང་། ཀའོ་ཆུན་ཧྲུའུ། ལིའུ་ཅེ། ཞུས་ཅིན་ལེ། ཐན་ཧྭ་ཐའོ་བཅས“དུས་རབས་གསར་པའི་གཞོན་ནུ་འཁྲབ་ཁྲིད་པ་ལེགས་པ་བཅུར”འདེམས་ཐོན་བྱས་པ་དང་གློག་བརྙན་<<རྨ་བྱ་>>དང་། <<མེ་མདའ་འཚོལ་བ>> <<ང་ཚོའི་འདས་ཉེར་ཡོད་པའི་ལང་ཚོར་འབུལ>>  <<རི་སྐོར>> <<ཐོ་ཁེའོ་འདྲི་གཅོད>> <<རྒྱ་མཚོའི་ལྷ་ཡུལ་>>སོགས་ལ“དུས་རབས་གསར་པའི་གློག་བརྙན་བརྩམས་ཆོས་དང་པོ་ལེགས་གྲས་བཅུར”འདེམས་ཐོན་བྱས་པ་རེད།
         སྐབས་འདིའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་བསྡུ་རུབ་བྱེད་འགོ་ཚུགས་པ་ནས་བཟུང་གློག་བརྙན་310བསྡུ་རུབ་ཐུབ་པ་དེའི་ནང་གློག་བརྙན་34གྲུབ་འབྲས་ཐོབ་པའི་ངང་འགྲན་བསྡུར་ནང་ཞུགས་ཐུབ་པ་རེད། གློག་བརྙན་མཁས་དབང་དང་སློབ་ཆེན་སློབ་མའི་འདེམས་ཐོན་ཨུ་ཡོན་ལས་གྲུབ་པའི་འདེམས་ཐོན་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གློག་བརྙན་ལེགས་གྲས་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་། ཟླ་5ཚེས་9ཉིན་པེ་ཅིང་དུ་འཚོག་རྒྱུའི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་འདེམས་སྒྲུག་བྱས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།