འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་གསར་དུ་འཛུགས་འདོད་སྲོལ་
    གཏོད་ཁོངས་མིའི་རྒྱལ་ཁབ46རུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་ཡིས་ཚེས་12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ད་ཡོད་གསར་དུ་འཛུགས་འདོད་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཀྱིས་མོས་མཐུན་བྱས་པ་བརྒྱུད་ཧོ་ལན་དང་། པར་ཙིར། ཧྥིན་ལན། ཀེ་ལུའུ་ཅི་ཡ། ཏེན་མག་བཅས་དངོས་སུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་གསར་དུ་འཛུགས་འདོད་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པ་རེད།
         ནོར་སྲིད་པུའུ་ཡིས་དངོས་སུ་ངོས་འཛིན་བྱས་པ་ལྟར་ན། མིག་སྔའི་བར་དུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་འཇོག་དངུལ་ཁང་གསར་དུ་འཛུགས་འདོད་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ46རུ་འཕར་ཡོད་དེ། ཨོ་སི་ཁྲུ་རི་ཡ་དང་། བྷང་ག་ལ། པར་ཙིར། པུ་རུ་ནེ། ཁམ་ཕུ་ཁྲེ། ཀྲུང་གོ  ཏེན་མག ཧྥ་རན་སི། ཧྥིན་ལན། ཀེ་ལུའུ་ཅི་ཡ། འཇར་མན། ཧིན་རྡུ། ཧིན་རྡུ་ཉི་ཞི་ཡ། དབྱི་རན། དབྱི་ཐ་ལི། ཅོར་ཏན། ཧ་སག་སི་ཐན། ལྷོ་ཁོ་རེ་ཡ། ཁུ་ཝེ་ཐེ། ཅིར་ཅི་སི་ཐན། ལོ་སི། ལུ་ཙེམ་པོག མ་ལེ་ཞི་ཡ། མར་ཏི་ཝེ། མར་ཐ། མོང་གོལ། འབར་མ། ནེ་པ་ལ། ཧོ་ལན། ནེའུ་ཙི་ལན། ཨོ་མན། ཕ་ཁི་སི་ཐན། ཧྥི་ལི་ཕིན། ཁ་ཐར། སོ་ཏི་ཨ་རབ། སིང་ག་ཕོར། སི་ཕེན། སི་རི་ལན་ཁ། སུའེ་ཙེར། ཐ་ཅི་ཁི་སི་ཐན། ཐེ་ལན།  ཐུར་ཁེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱིན་ཇི། ཨུ་ཟ་བྷེ་ཁི་སི་ཐན།  ཝེ་ཐེ་ནམ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།