འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་པུའུ་ཡིས་འཇིགས་གཏུམ་འགུལ་བརྙན་ལ་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་13ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཐུའུ་ཏོའུ་དང་། ཡིའུ་ཁུའུ། ཨེ་ཆི་དབྱི། ལེ་ཧྲི། སོའུ་ཧུའུ། ཁུའུ་སྨི། ཐེང་ཤུན་སོགས་རྒྱལ་ནང་གི་བརྙན་ལམ་གྲགས་ཅན་མང་པོ་ཞིག་འཇིགས་གཏུམ་སོགས་ཀྱི་ནང་དོན་འདུས་པའི་འགུལ་བརྙན་ཐོན་རྫས་མཁོ་འདོན་བྱས་ཉེས་དང་དོགས་པ་ཡོད་པས་རྩད་ཞིབ་ཐག་གཅོད་བྱེད་ཁོངས་སུ་བཅུག་པ་རེད།
         རིག་གནས་པུའུ་ཁྲོམ་ར་སིས་ཉེ་ཆར་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་སྦྲེལ་རིག་གནས་བྱེད་སྒོའི་རྩད་ཞིབ་ཐག་གཅོད་མིང་ཐོ་ཁག་ཉེར་གསུམ་པ་བརྡ་ཁྱབ་བཏང་བའི་ནང་ཐུའུ་ཏོའུ་དང་། ཡིའུ་ཁུའུ། ཨེ་ཆི་དབྱི། ལེ་ཧྲི། སོའུ་ཧུའུ། ཁུའུ་སྨི། ཐེང་ཤུན་སོགས་རྒྱལ་ནང་གི་དྲ་ཚིགས་གྲགས་ཅན་མང་པོ་ཞིག་ཚུད་ཡོད་པ་རེད། རིག་གནས་པུའུ་ཁྲོམ་ར་སིའི་སི་ཀྲང་གཞོན་པ་ལིའུ་ཆང་གིས་དྲ་ཚིགས་འདི་དག་ན་སོ་དར་ལ་མ་བབས་པའི་གཞོན་ནུ་ལོ་ཆུང་ཚོར་ཁྲིམས་འགལ་ཉེས་གསོག་གི་བསླུ་བྲིད་གཏོང་བ་དང་། གཏུམ་སྤྱོད་དང་། ཆགས་སྲེད། འཇིགས་སྐུལ་བཅས་འུད་སྒྲོག་བྱེད་པ། སྤྱི་ཚོགས་འདིའི་སྤྱོད་བཟང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་དྲ་སྦྲེལ་འགུལ་བརྙན་ཐོན་རྫས་མཁོ་འདོན་བྱས་ཉེས་དང་དོགས་པ་ཡོད་པས་རྩད་ཞིབ་ཐག་གཅོད་བྱེད་ཁོངས་སུ་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།