འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྐད་གཉིས་ཁྲིམས་དཔོན་དཀོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་13ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་4ཚེས12ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་དུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ། མི་རིགས་ས་ཁུལ་དུ་རང་མི་རིགས་ཀྱི་ཡིག་རིགས་དང་རྒྱ་སྐད་ཤེས་མཁན་གྱི་ཁྲིམས་དཔོན་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་དང་ལེགས་བཅོས་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམ་བྱས་ནས། མི་རིགས་ས་ཁུལ་དུ་རང་མི་རིགས་ཀྱི་ཡི་གེ་དང་རྒྱ་སྐད་ཤེས་མཁན་གྱི་ཁྲིམས་དཔོན་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་དང་ལེགས་བཅོས་སྔར་ལས་ལྷག་པ་བྱས་ནས། སྤྱི་ལོ་2020ལོའི་གོང་མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དུ་སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
          རང་རྒྱལ་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ནང་། མི་རིགས་ཁག་གི་སྤྱི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཞུ་གཏུག་རྒྱབ་ཆོག་པའི་དབང་ཆ་ཡོད་ཅེས་གཏན་འབེབས་གསལ་པོ་བྱས་ཡོད། ལོ་རྒྱུས་དང་དོན་དངོས་ཀྱི་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཐེབས་པར་བརྟེན། མིག་སྔར་སྐད་གཉིས་ཤེས་མཁན་ཁྲིམས་ཁང་རུ་ཁག་གི་གྲངས་ཚད་དང་སྤུས་ཚད་ཐད་སྔར་བཞིན་ཧེ་བག་ཆེན་པོ་ཡོད་པས། མི་རིགས་ས་ཁུལ་མང་ཚོགས་ཀྱི་ཞུ་གཏུག་དགོས་མཁོ་དང་སྐད་གཉིས་ཐོག་ནས་འདྲི་གཅོད་བྱེད་པའི་ལས་ཀའི་དགོས་མཁོ་སྐོང་ཐུབ་གི་མེད་པ་རེད།
         བསམ་འཆར་འདིའི་ནང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ལས་ཀའི་བྱང་ཚད་མཐོ་བ། གྲངས་འབོར་འདང་ངེས་ཡིན་པ། མི་རིགས་ས་ཁུལ་ཀྱི་འདྲི་གཅོད་ལས་ཀར་མཁོ་བའི་སྐད་གཉིས་ཤེས་མཁན་ཁྲིམས་དཔོན་གྱི་དཔུང་ཁག་ཅིག་རིམ་བཞིན་འཛུགས་དགོས། སྤྱི་ལོ་2020ལོའི་གོང་། སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་1500གསོ་སྐྱོང་བྱེད་དགོས་པ་དང་མི་རིགས་ས་ཁུལ་ཁག་གི་ཁྲིམས་ཁང་གིས་ཆེད་ལས་རང་བཞིན་གྱི་སྐད་གཉིས་ཤེས་མཁན་ཁྲིམས་དཔོན་བཞི་ཙམ་གསོ་སྐྱོང་བྱེད་ཐུབ་པ། མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དུ་སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         བསམ་འཆར་ནང་། སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་གསོ་སྐྱོང་དང་སྦྱོང་བརྡར་ལས་དོན་དགོས་མཁོར་གཞིགས་པ་དང་འདྲི་གཅོད་ལ་ཞབས་ཞུ། གཙོ་གནད་འབུར་ཐོན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག གོམ་པ་རིམ་བགྲོད། བཀོད་སྒྲིག་ལུགས་མཐུན། སྒོ་ཀུན་ནས་རྒྱབ་སྐྱོར། རང་བརྟེན་གསོ་སྐྱོང་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱབ་ནས། ཆོས་སེམས་བརྟན་པོ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་དེ་སྐད་གཉིས་ཁྲིམས་དཔོན་དཔུང་ཁག་འཛུགས་སྐྱོང་གི་ཚད་གཞི་ཨང་དང་པོར་བརྩི་དགོས་པ། གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཏེ་ཁོངས་མི་བསྡུ་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་པ། སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་ལ་སྦྱོང་བརྡར་སྤྲོད་རྒྱུ་དང་བེད་སྤྱོད་གཏོང་རྒྱུར་མཐོང་ཆེན་བྱེད་པ། ཕུལ་བྱུང་གི་སྐད་གཉིས་ཤེས་མཁན་ཁྲིམས་དཔོན་གསོ་སྐྱོང་དང་འཚར་ལོངས་ཡོང་རྒྱུར་མཐོང་ཆེན་བྱས་ཏེ། སྐད་གཉིས་ཤེས་མཁན་ཁྲིམས་དཔོན་གྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། སྐད་གཉིས་ཤེས་མཁན་ཁྲིམས་དཔོན་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱབ་ཏེ། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཏེ། སྐད་གཉིས་ཤེས་མཁན་གྱི་ཁྲིམས་དཔོན་གསོ་སྦྱོང་དང་གསོ་སྦྱོང་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་འགན་ལེན་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད། ༼ རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ༽
      

    ཕྱོགས་བསྡུས་གསར་འགྱུར།