འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།<<དག་ཡིག་གསར་བསྒྲིགས་>>དག་བཅོས་མ་ཟི་ལིང་གྲོང་ཁྱེར་དུ་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་13ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།<<དག་ཡིག་གསར་བསྒྲིགས་>>དག་བཅོས་མ་ཟི་ལིང་གྲོང་ཁྱེར་དུ་འགྲེམས་སྤེལ་བྱས་པ།
         ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་འཚོགས་པའི་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་ལོ་3རིང་དག་བཅོས་བྱས་ཏེ་དཔེ་སྐྲུན་བྱས་པའི་<<དག་ཡིག་གསར་བསྒྲིགས་>>དག་བཅོས་མ་འགྲེམས་ཐེངས་དང་པོ་བྱེད་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཧྭ་དཔེ་ཁང་དུ་འཚོགས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ་1979ལོར་<<དག་ཡིག་གསར་བསྒྲིགས་>>ཐོག་མ་དཔར་དུ་བསྐྲུན་ཏེ་འགྲེམས་སྤེལ་བྱས་པ་ནས་བཟུང་དེབ་འདིའི་ཚད་ལྡན་རང་བཞིན་དང་། དབང་གྲགས་ཆེ་བའི་རང་བཞིན། སྤྱོད་གོ་ཆེ་བའི་རང་བཞིན་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཀློག་པ་པོ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་། ལོ་ངོ་36གི་རིང་ལ་དེབ་གྲངས་ཁྲི་60ལྷག་འགྲེམས་སྤེལ་བྱས་ཡོད་པ་རེད།
         <<དག་ཡིག་གསར་བསྒྲིགས་>>དག་བཅོས་མ་དེས་སྔར་ཡོད་ཀྱི་སྒྲིག་སྟངས་དང་ཁྱད་ཆོས་རྨང་གཞི་དང་རྒྱུན་འཛིན་བྱས་ཐོག་ནང་དོན་ལ་སྣོན་འཕྲི་འོས་འཚམས་དང་། རྒྱུན་སྤྱོད་ཀྱི་ཡི་གེ་དང་ཐ་སྙད་1900ལྷག་ཙམ་ཁ་སྣོན་བཅས་བྱས་ཡོད་པས། ཡི་གེ་དང་ཐ་སྙད་ཁྱོན་བསྡོམས་ཁྲི་1.12ལྷག་ཙམ་བསྡུ་ལེན་ཟིན་ཡོད། དུས་མཚུངས་སུ་དེབ་འདིའི་ནང་གི་དཔེ་བརྗོད་དང་འགྲེལ་བ་ཁ་ཤས་ལ་དགོས་ངེས་ཀྱི་བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།