འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཕ་ཁི་སི་ཐན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་
    ཁབ། དབྱི་རན་རྒྱལ་ཁབ་བཅས་སུ་འཚམས་འདྲི་གནང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན།  སྤྱི་ཟླ་2ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་གྱི་བློ་འདོན་པ་ཨ་ཆི་ཙི་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ། དབྱི་རན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཧྥུའུ་བཅས་ཀྱིས་གདན་ཞུ་གནང་བ་ལྟར། ཀྲུང་གོ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཟླ་2ཚེས་12ཉིན་ནས་ཚེས་16ཉིན་བར་ཕ་ཁི་སི་ཐན་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་རན་བཅས་སུ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས།
      

    ཕྱོགས་བསྡུས་གསར་འགྱུར།