འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ནི་དུས་ཡུན་རིང་
    ལ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་28ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུས། དུས་ཐུང་ནང་སི་རི་ཡའི་ཉམས་ཉེན་ཐག་གཅོད་ཐུབ་རྒྱུར་རེ་སྒུག་བྱེད་རྒྱུ་མེད་པ་དང་། ཉམས་ཉེན་དེ་ཐག་གཅོད་བྱེད་པར་དུས་ཡུན་རིང་ལ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་བརྒྱུད་དགོས་ཞེས་བསྟན་ཡོད།
         ཉིན་དེ་གར་ལ་ཧྥུ་ལོ་ཧྥུས་མོ་སི་ཁོར་སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་གི་སྐུ་ཚབ་དང་ཐུག་འཕྲད་གནང་སྐབས། ཨུ་རུ་སུས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཀྱི་འབད་བརྩོན་ནི་རྦད་དེ་ཁ་གསལ་ཞིག་ཡིན་པ་དང་། ཨུ་རུ་སུའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྩ་དོན་གྱི་རྨང་གཞིའི་ཐོག་ཆབ་སྲིད་ཐོག་ནས་ཉམས་ཉེན་དེ་ཐག་གཅོད་བྱེད་རྒྱུའི་རེ་བ་བྱེད་མཁན་མི་སྣ་ཡོངས་དང་མཉམ་ལས་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་དང་། ཁོང་གིས་ཆབ་སྲིད་ཐོག་ནས་སྐད་ཆ་ཤོད་རེས་བྱས་ཚེ། གཞི་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་ཐུབ། ཡིན་ནའང་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་དེ་སི་རི་ཡའི་མི་དམངས་ཀྱིས་གཏན་འཁེལ་བྱེད་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།