འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རང་མོས་དཔལ་འབྱོར་ཉོ་ཚོང་ཁུལ་འཛུགས་
    པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༢༧ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡོད་སའི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་ཚོགས་པ་རེད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དཔོན་པོ་ཞིག་གིས་ཨ་ཧྥེ་རི་ཁ་ཤར་ལྷོའི་ཐུན་མོང་ཁྲོམ་ར་དང་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་མ་ལག ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་གོང་འཕེལ་ཐུན་མོང་མ་ལག་བཅས་ཕྱོགས་གསུམ་གྱིས་སྤེལ་བའི་རང་མོས་དཔལ་འབྱོར་ཉོ་ཚོང་ཁུལ་ནི་སྤྱི་ལོ་༢༠༡༧ལོར་ཨ་ཧྥེ་རི་ཁའི་སྐམ་སའི་རང་མོས་དཔལ་འབྱོར་ཉོ་ཚོང་ཁུལ་འཛུགས་རྒྱུའི་དམིགས་འབེན་མངོན་འགྱུར་ཡོང་བའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ཞེས་གསུངས་ཡོད་པ་རེད།
           ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འགོ་ཁྲིད་པས་སྤྱི་ལོ་༢༠༡༢ལོའི་ཟླ་༡པའི་ནང་བྱ་སྤྱོད་འཆར་གཞི་ཞིག་ལ་ཆོག་མཆན་གནང་བ་དང་། སྤྱི་ལོ་༢༠༡༧ལོར་ཨ་ཧྥེ་རི་ཁའི་སྐམ་སའི་རང་མོས་དཔལ་འབྱོར་ཉོ་ཚོང་ཁུལ་བཙུགས་ཏེ་ཨ་ཧྥེ་རི་ཁའི་ཐར་ཐོར་དུ་གནས་པའི་དཔལ་འབྱོར་མ་ལག་ཆུང་ངུ་ཕྱོགས་གཅིག་ལ་བསྡུས་ཏེ་ཁེར་རྐྱང་གི་ཁྲོམ་ར་ཆེན་པོ་ཞིག་འཛུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།