འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པ་ནོན་དང་དབྱི་སི་རལ་མཐའ་མཚམས་ཀྱི་བདེ་འཇགས་
    དུས་བབ་ཇེ་སྡུག་ཏུ་ཕྱིན་པར་བློ་མི་བདེ་བའི་རྣམ་པ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་28ཉིན་དབྱི་སི་རལ་རྒྱལ་སྲུང་དམག་གིས་མགྲིན་ཚབ་པས་ལི་པ་ནོན་ནས་འཕེན་པའི་ཐན་ཁེ་ལ་ངོ་རྒོལ་བྱེད་པའི་འཕུར་མདེལ་ཉིན་དེ་གར་བྱང་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་སྐོར་ཞིབ་བྱེད་པའི་དབྱི་སི་རལ་དམག་དཔུང་གི་རླངས་འཁོར་ཞིག་ལ་ཕོག་ནས། དབྱི་སི་རལ་གྱི་དམག་མི་མང་པོ་ཤི་རྨས་བྱུང་ཡོད། དེར་རྒོལ་ལན་སློག་ཆེད། དབྱི་སི་རལ་དམག་དཔུང་གིས་ལི་པ་ནོན་ལ་མེ་སྒྱོགས་བརྒྱབ་ཡོད། ལི་པ་ནོན་འཇིག་རྟེན་བྱེད་པོའི་ཏང་གིས་དེ་འཕྲལ་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་བསྒྲགས་བྱས་ཡོད་པས། དབྱི་སི་རལ་དང་ལི་པ་ནོན་མཐའ་མཚམས་ས་ཁུལ་གྱི་དུས་བབ་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་ཅེས་ར་སྤྲོད་བྱས་ཡོད་པ་རེད།
         སྤྱི་ཚེས་28ཉིན་ལི་པ་ནོན་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་བ་ཁ་གེས་པེ་ལུའུ་ཐེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པ་ནོན་དང་དབྱི་སི་རལ་མཐའ་མཚམས་ཁུལ་གྱི་བདེ་འཇགས་དུས་བབ་ཇེ་སྡུག་ཏུ་ཕྱིན་པར་བློ་མི་བདེ་བ་གནང་བ་དང་། ཁོང་གིས་འབྲེལ་ཡོད་ཕྱོགས་ཁག་གིས་ལི་པ་ནོན་དང་དབྱི་སི་རལ་མཐའ་མཚམས་ཀྱི་བརྟན་ལྷིང་སྔར་བས་གཏོར་བཤིག་ཏུ་འགྲོ་བཟོ་ཡོད་པའི་བྱ་ཐབས་འཛིན་རྒྱུ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པ་ནོན་དང་དབྱི་སི་རལ་བར་དམག་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་ཆོད་ཨང་1701ནང་གཏན་འབེབས་བྱས་པའི་འོས་འགན་ཁག་ལག་བསྟར་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།