འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པ་བློ་བཟང་ཚེ་རིང་ལ་མིག་སྔར་
    རྩ་འཛུགས་ཀྱིས་ཞིབ་བཤེར་གནང་གི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་29ཉིན། 17:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པ་བློ་བཟང་ཚེ་རིང་ལ་མིག་སྔར་
རྩ་འཛུགས་ཀྱིས་ཞིབ་བཤེར་གནང་གི་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཟུར་པ་བློ་བཟང་ཚེ་རིང་ལ་སྒྲིག་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་རྩ་འཛུགས་ཀྱིས་ཞིབ་བཤེར་གནང་བཞིན་ཡོད་པ་རེད།
         བློ་བཟང་ཚེ་རིང་། 1952ལོའི་ཟླ་10པར་བོད་ལྗོངས་ཆབ་མདོ་རྫོང་ནས་སྐྱེས། གནས་ཐོག་ཞིབ་འཇུག་སློབ་མའི་སློབ་གནས་ཡིན་པ། 1970ལོའི་ཟླ་9པར་ལས་ཀར་ཞུགས་པ། 1973ལོའི་ཟླ་7པར་ཏང་ནང་ཞུགས་པ། 2011ལོ་ནས་ད་བར་དུ་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པའི་འགན་ཁུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།