འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རྒྱལ་ཚོགས་གོང་མའི་གྲོས་མི་ཁག་ཅིག་གིས་དབྱི་རན་ལ་བཀག་སྡོམ་བྱེད་པའི་
    གྲོས་གཞི་གནས་སྐབས་སུ་མཚམས་འཇོག་རྒྱུ་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༢༧ཉིན་ཨ་རིའི་རྒྱལ་ཚོགས་གོང་མའི་དམངས་གཙོ་ཏང་གི་གྲོས་མི་ཁ་ཤས་ཀྱིས། ཨ་རིའི་ཙུང་ཐུང་ཨོ་པ་མའི་དོགས་གཞིར་བསམ་བློ་བཏང་ནས། དབྱི་རན་ལ་སྔར་ལས་བཀག་སྡོམ་བྱེད་པའི་གྲོས་གཞི་གནས་སྐབས་སུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          པའོ་ཨར་མེ་ནེང་ཏིག་སི་སོགས་དམངས་གཙོ་ཏང་གི་གྲོས་མི་ཁ་ཤས་ཀྱིས་ཉིན་དེར་ཨོ་པ་མར་འཕྲིན་ཡིག་བཏང་སྟེ། སྤྱི་ཟླ་༣པའི་ཚེས་༢༤ཉིན་གྱི་སྔོན་ལ་བཀག་སྡོམ་གྲོས་གཞིར་འདེམ་ཤོག་འཕངས་ནས་རྒྱབ་སྐྱོར་མི་བྱེད་པ་དང་། གལ་ཏེ་དབྱི་རན་རྡུལ་ཉིང་གནད་དོན་གྱི་རྒྱལ་ཁབ་དྲུག་པོས་སྤྱི་ཟླ་༣པའི་ཟླ་མཇུག་ནང་སྒྲོམ་གཞིའི་གྲོས་ཆོད་ལ་གྲོས་མཐུན་མ་བྱུང་ཚེ། ཁོ་ཚོས་གྲོས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
          སྤྱི་ཚེས་༢༠ཉིན་གྱི་དགོང་མོར་ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་རྒྱལ་དོན་ཞུ་ཡིག་ཕུལ་སྐབས། རྒྱལ་ཚོགས་ཀྱིས་གལ་ཏེ་དབྱི་རན་རྡུལ་ཉིང་གནད་དོན་ལ་གྲོས་མོལ་བྱེད་སྐབས་དབྱི་རན་ལ་སྔར་ལས་བཀག་སྡོམ་བྱེད་པའི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་ཡིན་ན། ཁོང་གིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་གཞི་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།