འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།2014ལོར་རྒྱལ་ཡོངས་ཀྱི་ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་
    བྱེད་ཚད་ཨ་སྒོར་དུང་ཕྱུར་1380ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2014ལོར་རྒྱལ་ཡོངས་ཀྱི་ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་1380ཟིན་པ་དེ་ལོ་གོང་མ་ལས་9.5%འཕར་ཏེ་རང་རྒྱལ་འདི་ཉིད་ནགས་ལས་ཐོན་རྫས་ཐོན་སྐྱེད་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོར་གྱུར་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་རྒྱལ་ཡོངས་ཀྱི་ནཊ་ལས་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་5.26མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས་11.1%འཕར་བ་དེའི་ནང་ཤིང་སྨྱུག་ལས་སྣོན་དང་། ཐོན་རྫས་བཟོ་སྐྲུན་ལས་རིགས། དཔལ་འབྱོར་ཤིང་ནགས་ཐོན་རྫས་འདེབས་འཛུགས་དང་སྔོག་འཐུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་ཆ་སྙོམས་བྱས་ན་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཡོད། ཀོང་ཏུང་དང་། ཧྲན་ཏུང་། ཕུའུ་ཅན། ཀོང་ཤིས། ཀྲེ་ཅང་། ཅང་སུའུ་སོགས་ཞིང་ཆེན་གྱི་ནགས་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3000ལས་བརྒལ་ཡོད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཅན་ལུང་གིས་2015ལོར་གཙོ་གནད་ཐོག་ཁྱད་ལྡན་དཔལ་འབྱོར་ཤིང་ནགས་དང་། ནགས་ཚལ་ཡུལ་སྐོར་དང་ནགས་ལས་སྤྲོ་གསེང་ཞབས་ཞུ། མེ་ཏོག་སྡོང་ཕྲུག་སོགས་ཐོན་ལས་འཕེལ་རྒྱས་དང་། སྐྱེ་དངོས་འབྱུང་ཁུངས་དང་། སྐྱེ་དངོས་རྒྱུ་ཆ། སྐྱེ་དངོས་སྨན་བཟོ་སོགས་འཐབ་ཇུས་ཀྱི་གསར་དར་ཐོན་ལས་རྒྱབ་སྐྱོར། སྣུམ་ཤིང་དང་སྟར་ཁ་སོགས་ཤིང་རིགས་སྣུམ་རྫས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།