འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུས་ཀྲེང་ཧྲེང་གིས་སུའུ་ཏན་རྒྱལ་ཁབ་རྒྱལ་ཡོངས་ཚོགས་ཆེན་ཏང་གི་འཐུས་ཚབ་
    ཚོགས་པར་མཇལ་འཕྲད་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་29ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་པེ་ཅིན་དུ་སྐབས་གསུམ་པའི་ཀྲུང་གོ་དང་སུའུ་ཏན་སྲིད་འཛིན་ཏང་གི་མཐོ་རིམ་གླེང་མོལ་དུ་ཞུགས་པར་ཕེབས་པའི་སུའུ་ཏན་རྒྱལ་ཁབ་རྒྱལ་ཡོངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་གཞོན་པ་དང་ཙུང་ཐུང་ལས་རོགས་ཀན་ཏུར་ལ་མཇལ་འཕྲད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཀྲུང་སུའུ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཧ་ཅང་གཏིང་ཟབ་པོ་ཡོད་ཅིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་56སོང་བའི་རིང་ལ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དུས་ཚོད་དང་ལོ་རྒྱུས་ཐོག་འཕོ་འགྱུར་ཆེན་པོ་བྱུང་བའི་ཚོད་བགམ་ཐེག་ནས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱས་དང་བྱེད་བཞིན་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཡུན་གྱི་ལྟ་ཕྱོགས་ཐོག་ནས་ཀྲུང་སུའུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་དང་། ཨ་ཧྥེ་རི་ཁར་འཛིན་པའི་“དངོས་བདེན་དང་། དངོས་སྒྲུབ། སྙིང་ཉེ། ལྷག་བསམ་རྣམ་དག་ ”བཅས་དང་དྲང་བདེན་གཉིས་ཕན་གྱི་ལྟ་བ་ཡང་དག་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྲིད་ཏང་བར་འབྲེལ་གཏུག་དང་དམངས་ཁྲོད་བར་འབྲེལ་གཏུག་བྱ་རྒྱུ་ལ་སོགས་པའི་ཐབས་ལམ་ལ་བརྟེན་ནས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཡོང་བར་བྱེད་པ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་དོན་གཉེར་བའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།