འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་དར་རྩེ་མདོ་གེགས་ཁུལ་དུ་ཉེ་ཆར་འབྲོག་པ་མང་ཚོགས་ཀྱི་
    འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི་1300ལྷག་ཙམ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་29ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གློ་བུར་དུ་བརྒྱབ་པའི“11•22”རིམ་པ་6.3གྱི་ས་ཡོམ་དང“11•25”རིམ་པ་5.8ཀྱི་ས་ཡོམ་གྱི་ཡོམ་ལྟེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དར་རྩེ་མདོ་རྫོང་ལྷ་སྒང་གྲོང་རྡལ་ཡིན་ཞིང་། གྲོང་རྡལ་དེའི་ཏང་ཨུད་དང་སྲིད་གཞུང་གི་ཚན་ཁག་གི་ཁོང་མིས་ཁུལ་དང་རྫོང་གྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་ཐད་ཀའི་འགོ་ཁྲིད་འོག་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས“ས་ཡོམ་ཆེན་པོའི་ཁྲོད་མི་སྣ་ཤི་རྨས་ཉུང་ཤོས”ཀྱི་བྱས་རྗེས་ཡ་མཚན་ཅན་བཏོད་པ་དང་། ཚན་རིག་དང་མཐུན་པའི་ངང་གེགས་སྐྱོབ་བྱས་པས་ས་ཡོམ་ཆེན་པོ་དེ་འདྲ་བརྒྱབ་ཀྱང་བསྐྱར་ཐོན་གནོད་འཚེ་དང་མི་སྣ་སླར་ཡང་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པ། གེགས་སྐྱོབ་དངོས་རྫས་ཡོངས་བསྒྲགས་ངང་གཏོང་སྤྲོད་བྱས་པས་གེགས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་སྡོད་སའི་གུར་ཡོད་པ་དང་། སྲིང་བལ་ཉལ་ཆས་དང་གྱོན་ཆས་ཡོད་པ། ཐབ་དང་འབར་རྫས་ཡོད་པ། བཟའ་བཅའ་དང་འཐུང་ཆུ་གཙང་མ་ཡོད་པ། ཕྱུགས་རིགས་ལ་དགུན་གཟན་ཡོད་པ་བཅས་བྱུང་བས་གེགས་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་ངང་དགུན་སྒྲོལ་ཐུབ་པ་བྱེད་པའི་སྐོར་གྱི་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་བ་རེད།
         ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱི་རིམ་ཁག་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱིས་གེགས་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་ངང་དགུན་སྒྲོལ་དང་དཔྱིད་ཀ་ཤར་རྗེས་གེགས་རྗེས་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་མུ་མཐུད་དོ་ཁུར་བྱེད་ཀྱི་ཡོད་པ་དང་། དམངས་སྲིད་པུའུ་ཡིས་ལྷ་སྒང་གྲོང་རྡལ་གྱི་དུད་ཚང་1210ཡི་མི་འབོར་5097ལ་མི་རེར་ཉིན་ལྟར་འཚོ་བའི་ཁ་གསབ་དངུལ་སྒོར་15སྤྲོད་རྒྱུའི་ཐོག་ཟླ་བ་དྲུག་རྒྱུན་སྲིང་གི་གནས་སྐབས་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ཁྱོན་སྒོར་13761900སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།