འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤོ་བོ་རྫོང་ས་ཁོངས་ནང་གི་ཐང་སྨད་ཟམ་ཆེན་ཆད་པའི་ལམ་དུམ་བུ་སླར་གསོ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ངར་ལྕགས་སྒྲོམ་གཞི་ཡོ་ཤོར་བའི་རྐྱེན་གྱིས་འགྲིམ་འགྲུལ་ཆད་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ཟམ་ཆེན་བྲེལ་འཚུབ་ངང་ཉམས་གསོ་དང་བརྟན་གཏོང་བྱས་རྗེས། སྤྱི་ཟླ་1ཚེས་27ཉིན་གྱི་སྔ་དྲོར་དངོས་སུ་ཤར་གཏོང་སླར་གསོ་ཐུབ་པ་དང་མིག་སྔར་དེ་གར་ལུས་པའི་འཁོར་རིགས་དང་ཡུལ་སྐོར་བ་ཚང་མ་ཐར་ཡོད་པ་རེད།
         སྤྱི་ཟླ་1ཚེས་26ཉིན་ཐང་སྨད་ཟམ་ཆེན་གྱི་ངར་ལྕགས་སྒྲོམ་གཞི་ཡོ་ཤོར་བའི་རྐྱེན་གྱིས་ཟམ་ཆེན་ཡམ་ཡོམ་ཐེབས་པའི་ཉེན་ཁ་ཐོན་རྗེས་ཟམ་པ་ཉམས་གསོ་བྱེད་མཁན་གྱིས་འཕྲལ་མར་ས་གནས་ས་ཐོག་ཏུ་མྱུར་བཟོ་བྱེད་པར་བསྐྱོད་དེ་ཡོ་ཤོར་བའི་ཟམ་ངོས་ཡོ་བསྲང་བ་དང་བརྟན་དུ་བཏང་བ་རེད། ས་ཆ་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་ཀྱང་དུས་ཐོག་ཏུ་ཟམ་ཆེན་གཞོགས་གཉིས་སུ་འགྲིམ་འགྲུལ་གཅུན་འདོམས་བྱས་པ་རེད།
         ཐང་སྨད་ཟམ་ཆེན་ནི་ཁྲོན་བོད་གཞུང་ལམ་རྒྱལ་ལམ་318ཀྱི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་ཟམ་ཆེན་དེ་ནི་འཕྱངས་ཟམ་ཞིག་ཏུ་ཇུས་འགོད་བྱས་ཤིང་། རིང་ཚད་ཡོངས་ལ་སྨི་258དང་། ཟམ་ངོས་གཙོ་བོར་སྨི་210 མཐོ་ཚད་ལ་སྨི་31.5བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།