འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་འཕར་མ་བྱེད་པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་29ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་27ཉིན་ཡ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཡུག་རེན་གྱི་དུས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བར་དམིགས་ནས་ཡ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཨུ་རུ་སུར་སྔར་བས་བཀག་སྡོམ་གྱི་བྱ་ཐབས་སྤྱོད་རྒྱུ་བསམ་གཞིག་བྱེད་པའི་རེ་འབོད་བྱས་པ་རེད།
         གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ཤར་ཕྱོགས་ཀྱི་མ་ལི་ཝུའུ་པོའར་གྲོང་ཁྱེར་གྱི་གྲོང་མིའི་སྡོད་ཁུལ་དུ་ཚེས་24ཉིན་མེ་སྒྱོགས་བརྒྱབ་པའི་དོན་རྐྱེན་བྱུང་བས་ཨུ་རུ་སུས་ཡུག་རེན་ཤར་རྒྱུད་ཀྱི་དམངས་ཁྲོད་དྲག་ཆས་ལ་རྒྱབ་སྐྱོར་བྱེད་ཤུགས་ཉིན་བཞིན་ཆེ་རུ་གཏོང་བ་མཚོན་པའི་དཔང་རྟགས་ཡོད་པའི་ངོས་འཛིན་བྱས་པ་དང་ཨུ་རུ་སུར་ཡུག་རེན་ཤར་རྒྱུད་ཀྱི་དམངས་ཁྲོད་དྲག་ཆས་ཀྱི་བྱེད་སྤྱོད་ལ་ཁ་རྡུང་གཏོང་བ་དང་ཡུག་རེན་ཤར་རྒྱུད་ས་ཁུལ་དུ་དམག་རྒྱག་མཚམས་འཇོག་ཐུབ་པ་བྱ་ཆེད་བཞག་པའི་མིན་སི་ཁེ་གྲོས་ཆོད་དོན་འཁྱོལ་བྱ་རྒྱུའི་རེ་འབོད་བྱས་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།