འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་དགུན་དཔྱིད་དུས་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་71གཤམ་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་27ཉིན་ཀྲུང་དབྱང་ནོར་སྲིད་ཀྱིས་ཀྲུང་དབྱང་གིས་གནང་བའི་2014ལོ་ནས་2015ལོའི་ལོ་འཁོར་དགུན་དཔྱིད་དུས་ཀྱི་རྒུད་སྐྱོབ་མ་དངུལ་ཁག་གཉིས་པ་སྒོར་དུང་ཕྱུར་14.2གཤམ་སྤྲོད་བྱས་ཏེ་ས་གནས་ཁག་གི་གེགས་ཁུལ་མང་ཚོགས་ཀྱི་ཟ་འབྲུ་དང་། གྱོན་ཆས་ལ་སོགས་པའི་གཞི་རྩའི་འཚོ་བའི་ཐད་ཀྱི་དཀའ་ངལ་བསལ་ནས་བདེ་འཇགས་ངང་དགུན་དུས་བརྒལ་བ་དང་སྤྲོ་སྐྱིད་ལྡན་པའི་སྒོ་ནས་དཔྱིད་གསར་དུས་ཆེན་རོལ་བར་རོགས་རམ་གནང་བ་རེད།
         2014ལོའི་ལོ་མཇུག་ཏུ་ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་ཀྲུང་དབྱང་གིས་གནང་བའི་2014ལོ་ནས་2015ལོའི་ལོ་འཁོར་དགུན་དཔྱིད་དུས་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་71བཀོད་སྒྲིག་བྱས་པ་མ་ཟད། 2014ལོའི་ཟླ་12ཚེས་29ཉིན་མ་དངུལ་ཁག་དང་པོ་སྒོར་དུང་ཕྱུར་56.8གཤམ་སྤྲོད་བྱས་པ་རེད། སྐབས་འདིའི་བར་ཀྲུང་དབྱང་གིས་གནང་བའི་2014ལོ་ནས་2015ལོའི་ལོ་འཁོར་དགུན་དཔྱིད་དུས་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་71ཚང་མ་གཤམ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།