འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་ལྗོངས་སློབ་ཆེན་དུ་ ༼ཁྲང་ཅང་ཤེས་ཡོན་པའི ༽ཆེད་མངགས་གདན་ཞུའི་དགེ་རྒན་
    ཆེ་མོ་གསུམ་གསར་དུ་བསྣན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་སློབ་ཆེན་དུ་ ༼ཁྲང་ཅང་ཤེས་ཡོན་པའི་ ༽(长江学者)ཆེད་མངགས་གདན་ཞུའི་དགེ་རྒན་ཆེ་མོ་གསུམ་གསར་དུ་བསྣན་པ་རེད། 
        ༢༠༡༤ལོར། བོད་ལྗོངས་སློབ་ཆེན་གྱིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་གཙོ་གནད་འཕེལ་རྒྱས་ཁྱབ་ཁོངས་ལ་དམིགས་ནས་༼ཁྲང་ཅང་ཤེས་ཡོན་པའི་བྱ་དགའི་འཆར་གཞིའི་༽བདམས་ཐོན་མི་སྣ་ཧུར་ཐག་གིས་འོས་སྦྱོར་བྱས་ཏེ། བོད་ལྗོངས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་ཚེ་བརྟན་བཀྲ་ཤིས་དང་ཐེན་ཅིན་སློབ་ཆེན་ཁོར་ཡུག་བཟོ་སྐྲུན་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་ཁྲེན་ཀོན་དབྱི། ཧྥུ་ཏན་སློབ་ཆེན་གསར་འགྱུར་རིག་པའི་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་ཀྲང་ཐའོ་ཧྥུ་བཅས་ལ་ལྷན་ཅིག་ཏུ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་དངོས་སུ་བོད་ལྗོངས་སློབ་ཆེན་གྱི་༼ཁྲང་ཅང་ཤེས་ཡོན་པའི༽ཆེད་མངགས་གདན་ཞུའི་དགེ་རྒན་ཆེ་མོར་གཏན་ཁེལ་བྱས། 
          ཉེ་སྔོན་དགེ་རྒན་ཆེ་མོ་གསུམ་པོས་བོད་ལྗོངས་སློབ་ཆེན་དུ་གདན་ཞུའི་གན་རྒྱར་མིང་རྟགས་བཀོད་ཟིན་པ་དང་། གན་རྒྱའི་དུས་ཡུན་ལོ་ལྔ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།