འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དམག་ཁོངས་སྨན་པ་ཨ་ཧྥེ་རི་ཁར་ཨའེ་པོ་ལ་ནད་དུག་འགོག་བཅོས་བྱེད་
    རོགས་སུ་བསྐྱོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་ཨ་ཧྥེ་རི་ཁར་ཨའེ་པོ་ལ་ནད་དུག་འགོག་བཅོས་བྱེད་པར་བསྐྱོད་རྒྱུ་ཡིན་པའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཁག་གཉིས་པའི་སྨན་བཅོས་རུ་ཁག་ཁྲེང་ཏུའུ་དམག་ཁུལ་ཁུན་མིན་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་གི་རུ་མི་24ཉིན་དེའི་ཕྱི་དྲོའི་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་དམག་ཁུལ་གི་སྤྱི་ཁྱབ་སྨན་ཁང་དུ་འབྱོར་ཏེ་སྨན་བཅོས་རུ་ཁག་གཞན་དག་དང་མཉམ་འཛོམས་བྱས་ཤིང་། ཁོང་ཚོས་འདི་ནས་རུབ་འཛོམས་སྦྱོང་བརྡར་གཟའ་འཁོར་གཅིག་རིང་བྱས་རྗེས། ཟླ་བ་དང་པོའི་ཟླ་དཀྱིལ་ལ་ལི་པེ་རི་ཡ་རྒྱལ་ཁབ་ཏུ་ཨའེ་པོ་ལ་ནད་དུག་འགོག་བཅོས་བྱེད་རོགས་སུ་བསྐྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།