འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་པ་ལི་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་བྱུང་བའི་ཐད་ཧྥ་རན་སེའི་
    ཙུང་ཐུང་ཨའོ་ལང་ཏིར་གློག་འཕྲིན་བཏང་ནས་ཐུགས་གསོ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 07:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པ་ལི་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་བྱུང་བའི་ཐད་ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏིར་གློག་འཕྲིན་བཏང་ནས་ཐུགས་གསོ་གནང་ཞིང་། ཁོང་གིས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་བ་མ་ཟད། ཆག་སྒོ་ཁྲོད་རྐྱེན་ལམ་དུ་ཕྱིན་པའི་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་། རྨས་མ་དང་འདས་པོའི་ནང་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་གི་དགྲ་ཟླ་ཡིན་ལ། ཀྲུང་གོ་དང་ཧྥ་རན་སེ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ཐུན་མོང་གི་དགྲ་ཟླའང་ཡིན་པས། ཀྲུང་གོས་དུས་རྟག་ཏུ་རྣམ་པ་མི་འདྲ་བའི་འཇིགས་སྐུལ་རིང་ལུགས་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ཧྥ་རན་སེ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་ཚ་ནན་བཏང་སྟེ་འཛམ་གླིང་ཞི་བདེའི་ལས་ལ་གཞོལ་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།