འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་
    གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་ཐད་མཉམ་ལས་དང་སྤེལ་རེས་བྱས་
    པར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་07ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་ཞི་བདེ་ཡོང་རྒྱུའི་ཐད་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་པ་དང་། རྒྱ་གར་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་ཕྱོགས་གཉིས་པོའི་མཐའ་སྲུང་དཔུང་སྡེའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་དང་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས་པ་རེད།
         དེ་ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་1ཉིན་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ནུབ་རྒྱུད་ས་ཁུལ་དུ་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱ་རྒྱུའི་མཛའ་གྲོགས་འདོད་འདུན་མཚོན་པར་བྱས་ཡོད། དེ་དངོས་འབྲེལ་ཡིན་མིན་ར་སྤྲོད་དང་དེའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞེས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་ཐད་མཉམ་ལས་དང་སྤེལ་རེས་ཀྱི་ལམ་སྲོལ་རབ་དང་རིམ་པ་བཟོས་ཡོད། སྤྱིའི་ཆ་ནས་བལྟས་ཚེ་འབྲེལ་ཡོད་མཉམ་ལས་དང་སྤེལ་རེས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་པ་དང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་སྤྱིའི་ཆ་ནས་ཞི་བདེ་ལྷིང་འཇགས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས“ངས་ཤེས་རྟོགས་བྱུང་གསལ་ལ། འབྲེལ་ཡོད་ཐུག་འཕྲད་ཅེས་པ་ནི་ཕྱོགས་གཉིས་ཀས་བཞག་ཟིན་པའི་གྲོས་ཆོད་གཞིར་བཟུང་སྤེལ་བའི་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་ཞིག་དང་ཕྱོགས་གཉིས་ཀས་ཕན་ཚུན་དབར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་མཚོན་པར་བྱས་པ་ཞིག་རེད། དེས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱི་མཐའ་སྲུང་མི་སྣའི་དབར་སྤེལ་རེས་དང་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ལ་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་རྒྱུའི་ཆོད་སེམས་དང་འདོད་འདུན་ཀྱང་གང་ལེགས་མངོན་ཡོད”ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་ཞི་བདེ་ཡོང་རྒྱུའི་ཐད་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། རྒྱ་གར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དབར་ཆགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་ཕྱོགས་གཉིས་པོའི་མཐའ་སྲུང་དཔུང་སྡེའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་དང་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།