འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་གྱི་རྡུལ་ཉིང་གནད་དོན་ཐད་ཨ་རི་དང་དབྱི་རན་གྱིས་མུ་མཐུད་དུ་གྲོས་མོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༦ཉིན་ཨ་རི་དང་དབྱི་རན་གྱི་སྐུ་ཚབ་ཀྱིས་རི་ནེ་ཝ་རུ་དབྱི་རན་གྱི་རྡུལ་ཉིང་གནད་དོན་ཐད་མུ་མཐུད་དུ་ཕྱོགས་གཉིས་གྲོས་མོལ་གནང་བཞིན་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། གྲོས་མོལ་ཁྲོད་ཞུགས་པའི་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཨ་ལ་ཀོ་ཞི་ཡིས། ཉིན་དེ་གོང་གི་ཨ་རི་དང་དབྱི་རན་གྱི་ཕྱོགས་གཉིས་གྲོས་མོལ་ནང་འབྲེལ་ཡོད་ཀྱི་གླེང་གཞིར་བགྲོ་གླེང་རྒྱ་ཆེར་གནང་ཟིན་ལ། ལྷག་པར་དུ་བཀག་སྡོམ་གྱི་གནད་དོན་ལ་བགྲོ་གླེང་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།
          ཨ་རིའི་དཔོན་རིགས་ཀྱིས་ཨ་ལ་ཀོ་ཞིའི་སྐད་ཆ་དེ་ཁས་ལེན་བྱས་པ་མ་ཟད། ཉིན་དེར་ཕྱོགས་གཉིས་གྲོས་མོལ་ནང་རྡུལ་ཉིང་གནད་དོན་དང་འབྲེལ་བའི་དོན་དག་ཡོད་ཚད་ལ་མུ་མཐུད་དུ་བགྲོ་གླེང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། 
          གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ལ་ཀོ་ཞི་ཡིས་མིག་སྔའི་གྲོས་མོལ་གྱི་ནང་དོན་ཞིབ་ཚགས་ཡིན་པ་དང་། འགལ་བ་ཁག་ཅིག་ཐག་གཅོད་བྱེད་པའི་ཐབས་ལམ་ཡོད་མོད། ཡིན་ཡང་མུ་མཐུད་དུ་འབད་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
          དབྱི་རན་རྡུལ་ཉིང་གནད་དོན་གྱི་རྒྱལ་ཁབ་དྲུག་པོ་དང་དབྱི་རན་ཕྱོགས་གཉིས་ཀྱིས་ཟླ་བ་འདིའི་ཚེས་༡༧ཉིན་རི་ནེ་ཝ་རུ་དབྱི་རན་རྡུལ་ཉིང་གནད་དོན་ཐད་ནས་སྐོར་ཐེངས་གསར་པའི་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཕྱི་འབྲེལ་པུའུ་དམག་དོན་ཚོད་འཛིན་སིའི་སི་ཀྲང་ཝང་ཆུན་གྱིས་ཚོགས་པ་ཁྲིད་དེ་ཐེ་ཞུགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།