འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཕ་ཁི་སི་ཐན་ལ་འཇིགས་སྐུལ་འཇབ་རྒོལ་ཚབས་ཆེན་ཐེབས་པའི་རྐྱེན་ཞིས་ཅིན་ཕིང་གིས་
    ཕ་ཁི་སི་ཐན་གྱི་ཙུང་ཐུང་ལ་ཐུགས་གསོའི་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           ཉེ་ཆར་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣ་མང་པོ་རྐྱེན་འདས་སུ་ཕྱིན་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོ་སའེ་དབྱི་ལ་ཐུགས་གསོའི་གློག་འཕྲིན་བཏང་བ་རེད། 
           ཞིས་ཅིན་ཕིང་གིས་གསུངས་དོན། ཉེ་ཆར་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་སྣ་མང་པོར་ཤི་རྨས་ཐེབས་ཡོད་པ་ཐོས་བྱུང་། བདག་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས། ད་དུང་སྒེར་གྱི་མིང་ངོས་ནས་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཕྱིན་པའི་མི་རྣམས་ལ་མྱ་ངན་ཞུ་རྒྱུ་དང་། འདས་པོ་ཚོའི་ནང་མི་དང་རྨས་མ་རྣམས་ལ་སེམས་སྐྱོ་བའི་ངང་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
           ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཕྱོགས་ཀྱིས་དུས་ནམ་ཡང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང་། ཁོ་ཚོའི་མི་ཆོས་དང་བྲལ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་ཕ་ཁི་སི་ཐན་གྱི་མི་དམངས་ལ་ཐེབས་པའི་ཆག་སྒོ་འདི་ལྟ་བུ་གཞན་སྡུག་རང་མྱོང་བྱས་ཡོད་པས། ང་ཚོས་ཕ་ཁི་སི་ཐན་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་གཏོར་རྒོལ་བྱེད་པའི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།