འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནེ་པ་ལས་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་
    བྱེད་པའི་བསམ་ཤེས་བརྗེད་ཐོ་ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༧ཉིན་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཡན་དང་ནེ་པ་ལའི་ནོར་སྲིད་པུའུ་ཡི་དྲུང་ཡིག་ཧྲ་ཨེར་མ་གཉིས་ཀྱིས་པེ་ཅིང་དུ་ཐུན་མོང་ཐོག་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༡༡པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་རྗེས་སུ། ཀའོ་ཡན་དང་ཧྲ་ཨེར་མ་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་དང་ནེ་པ་ལའི་སྲིད་གཞུང་གི་ནོར་སྲིད་པུའུ་ཡིས་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་དང་འབྲེལ་ཡོད་ཀྱི་བསམ་ཤེས་བརྗེད་ཐོ་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གོང་འཕེལ་གནས་ཚུལ་ལ་ཕྱི་མིག་བལྟས་ཏེ། ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་། ཉོ་ཚོང་དང་མ་འཇོག་མཉམ་ལས། དཔལ་འབྱོར་ལག་རྩལ་མཉམ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་སོགས་ལ་དམིགས་པའི་གྲོས་གཞི་རབ་དང་རིམ་པར་ངོས་འཛིན་གཅིག་མཐུན་བྱུང་འདུག
      

    ཕྱོགས་བསྡུས་གསར་འགྱུར།