འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ལས་རིགས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་བོད་ལྗོངས་ཉིང་ཁྲི་ས་གནས་ཡུལ་སྐོར་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་གཙང་བའི་གྲོག་རོང་ཆེན་མོ་དང་གནམ་ལྕགས་འབར་བ་བཅས་ཡུལ་སྐོར་ས་གནས་གྲགས་ཅན་ལ་བརྟེན་ནས། ཉིང་ཁྲི་ས་ཁུལ་གྱི་སྤྱི་ལོ་༢༠༡༤ལོའི་ཡུལ་སྐོར་མི་གྲངས་སྔོན་དཔག་བྱས་པ་ལྟར་ན་མི་ཐེངས་ས་ཡ་གཉིས་དང་འབུམ་བརྒྱད་ཟིན་ཞིང་། ཡུལ་སྐོར་ཡོང་སྒོ་མི་དམངས་ཤོག་སྒོར་དུང་ཕྱུར་༢༦ཟིན་པ་དང་། ན་ནིང་ལས་བརྒྱ་ཆ་བཅུ་གཉིས་དང་བརྒྱ་ཆ་བཅུ་བཞི་འཕར་ནས། ཡུལ་སྐོར་ལས་རིགས་ཉིང་ཁྲིའི་ཐོན་ལས་ཆེན་པོའི་དང་པོར་གྱུར་ཡོད་པ་རེད།
         ཉིང་ཁྲི་ལས་གཞན་འགྲིམ་འགྲུལ་གྱི་ཆ་རྐྱེན་ཅུང་ལེགས་པའི་ཆབ་མདོའི་ཡུལ་སྐོར་ལས་རིགས་ཀྱང་མུ་མཐུད་དུ་གོང་འཕེལ་འགྲོ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཆབ་མདོ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་དང་འབུམ་གཉིས་སྣེ་ལེན་བྱས་ཤིང་། ཡུལ་སྐོར་གྱི་ཡོང་སྒོའང་མི་དམངས་ཤོག་སྒོར་དུང་ཕྱུར་བཅུ་ལས་བརྒལ་ཐུབ་རྒྱུ་ཡིན་པ་དང་། དཔལ་འབྱོར་གོང་འཕེལ་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་གལ་ཆེན་རང་བཞིན་མུ་མཐུད་དུ་མངོན་བཞིན་ཡོད་པ་རེད།
         བོད་ལྗོངས་ཀྱི་དམིགས་འབེན་ཞིག་ནི་འཛམ་གླིང་གི་ཡུལ་སྐོར་ས་ཚིགས་ཅིག་བསྐྲུན་རྒྱུ་དེ་ཡིན་པ་དང་། དམིགས་འབེན་དེའི་འོག བོད་ལྗོངས་ཀྱི་ས་གནས་ཁག་གིས་རང་ཉིད་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལྟར། དཔལ་འབྱོར་གོང་འཕེལ་གྱི་འཆར་འགོད་བཟོ་དུས་ཡུལ་སྐོར་ལས་རིགས་ཀྱིས་དཔལ་འབྱོར་གོང་འཕེལ་ཕྱོགས་ལ་ཐོན་པའི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཀྱི་ནུས་པར་བསམ་བློ་གཏོང་བཞིན་ཡོད་པ་རེད།
         ཡུལ་སྐོར་གྱི་མཚན་སྙན་གྲགས་ཆེར་གཏོང་ཆེད། བོད་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གིས་བྱེད་ཐབས་སྣ་མང་སྤྱད་པ་དང་། དཔེར་ན་ཉིང་ཁྲིས་ཕྱིར་འགྲོ་ནང་འདྲེན་གྱི་ཐབས་ཇུས་བཀོལ་ནས་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ་དང་མངའ་རི་སོགས་ས་གནས་ཁག་དང་མཉམ་འབྲེལ་བྱས་ཏེ་སི་ཁྲོན་དང་ཡུན་ནན། ཁྲོན་ཆེན། ཀྲོའུ་ཅང་གཙང་བོའི་བཞུར་རྒྱུན་དང་འབྲི་ཆུ་ཟུར་གསུམ་མའི་ས་ཁུལ་སོགས་ཀྱི་ཡུལ་སྐོར་ཁྲོམ་རའི་བར་མཉམ་འབྲེལ་གྱི་ཚོང་འགུག་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་བདུན་ཏུ་བློ་འདྲི་ཞབས་ཞུ་ས་ཚིགས་སོ་གཅིག་བཙུགས་ཏེ་བོད་ལྗོངས་ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་ས་གནས་ཁག་གཞན་གྱིས་རྒྱུས་ལོན་བྱུང་དུ་བཅུག་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར་ལྟར་ན། ད་ལོའི་གོང་གི་དུས་ཚིགས་གསུམ་གྱི་ནང་བོད་ལྗོངས་ཀྱི་ཡུལ་སྐོར་སྤྱིའི་ཡོང་སྒོ་མི་དམངས་ཤོག་སྒོར་དུང་ཕྱུར་163དང་ས་ཡ་བརྒྱད་འབུམ་གཉིས་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།