འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བཟའ་ཚང་ཕྱི་རྒྱལ་ལ་གནས་སྡོད་བྱས་པའི་དཔོན་པོ་ཁག་ཅིག་ལ་གཙང་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་18ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལྟར། སྤྱི་ལོ་2014ལོར། རིམ་ཁག་ཏང་ཨུད་དང་རྩ་འཛུགས་མི་དོན་ཚན་པས་བཟའ་ཚང་ཕྱི་རྒྱལ་དུ་བཞག་པའི་དཔོན་པོར་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་སླེབས་དུས། འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་བྱ་དོན་སྙན་ཞུ་བྱེད་པའི་ལས་དོན་དང་ཟུང་འབྲེལ་གྱིས་རྒྱལ་ཡོངས་སུ་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་3200ལྷག་གིས་བཟའ་ཚང་ངམ་བཟའ་ཚང་ཡོད་ནའང་བུ་ཕྲུག་ཕྱི་རྒྱལ་དུ་གནས་སྡོད་བྱས་པའི་གནས་ཚུལ་སྙན་ཞུ་བྱས་ཡོད། ཚད་བཀག་རང་བཞིན་གྱི་ལས་གནས་ཐོག་ལས་འགན་འཁུར་བ་མ་ཟད་བཟའ་ཚང་དང་བུ་ཕྲུག་ཕྱི་རྒྱལ་དུ་གནས་སྡོད་བྱེད་པའི་བསམ་པ་དོར་འདོད་མེད་པའི་འགོ་ཁྲིད་ལས་བྱེད་པ་ཆིག་སྟོང་ཙམ་ལས་གནས་ལེགས་སྒྲིག་བྱས་ཡོད་པ་རེད།
          བཟའ་ཚང་ཕྱི་རྒྱལ་དུ་བཞག་པའི་དཔོན་པོའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་དབྱང་རྩ་འཛུགས་པུས་ད་ལོའི་ཟླ་བ་གཉིས་པར་བཟའ་ཚང་ཕྱི་རྒྱལ་དུ་གནས་སྡོད་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་འགན་ཁུར་ལས་གནས་དོ་དམ་བྱ་ཐབས་འགྲེམ་སྤེལ་བྱས་པ་དང་། བཟའ་ཚང་ཕྱི་རྒྱལ་དུ་གནས་སྡོད་བྱས་ཟིན་པའམ་བཟའ་ཚང་མེད་པ་དང་བུ་ཕྲུག་ཚང་མ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཟིན་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ། ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་པའི་ལས་གནས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁུར་བ་གཙོ་བོའི་ལས་གནས་དང་དེ་བཞིན་དམག་དོན་དང་ཕྱི་འབྲེལ། རྒྱལ་ཁབ་ཀྱི་བདེ་འཇགས། གསང་བ་སོགས་དང་འབྲེལ་བའི་གལ་ཆེའི་འགན་གནས་འཛིན་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།