འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་དང་གེགས་ཐེབས་
    མང་ཚོགས་ཚོས་མཉམ་དུ་རིག་རྩལ་དགོང་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་དང་གེགས་ཐེབས་
མང་ཚོགས་ཚོས་མཉམ་དུ་རིག་རྩལ་དགོང་ཚོགས་འཚོགས་པ།
         ཟླ་༡༢ཚེས་༡༤ཉིན་ནི་དར་རྩེ་མདོ་ས་ཡོམ་བྱུང་རྗེས་ཀྱི་ཉིན་༢༢པ་ཡིན་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་མི་ཉག་རྫོགས་ཆེན་སློབ་གྲྭར“གླུ་གཞས་སླར་ཡང་ཏང་ལ་འབུལ་བ་དང་བཀའ་དྲིན་གཟོ་ནས་མདུན་དུ་སྐྱོད”ཅེས་པའི་རིག་རྩལ་དགོང་ཚོགས་འཚོགས་པ་རེད། དགོང་ཚོགས་དེ་རུ་སློབ་གྲྭའི་སློབ་མ་༢༧༣དང་། ཁུལ་དང་རྫོང་གི་འཁྲབ་རྩལ་མི་སྣ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་མཉམ་དུ་བརྩེ་དུང་ཟབ་མོའི་ངང་ནས་གླུ་ལེན་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན། ཞབས་བྲོ་འཁྲབ་སྟོན་སོགས་གནང་ནས་རིམ་ཁག་སོ་སོའི་ཏང་ཨུ་སྲིད་གཞུང་དང་། སྤྱི་ཚོགས་ལས་རིགས་ཁག་སོགས་ཀྱིས་དར་རྩེ་མདོ་ས་ཡོམ་ཁྲོད་གེགས་ཁུལ་མང་ཚོགས་ལ་རོགས་སྐྱོར་གནང་བ་དང་ཐུགས་ཁུར་མཛད་པར་བཀའ་དྲིན་ཆེ་ཞུ་སེམས་མཚོན་པ་རེད། ཡོམ་འགོག་གནོད་སེལ་བཀོད་འདོམས་པུའི་ལས་སྒྲུབ་མི་སྣ་ཡོངས་དང་། ཡོམ་འགོག་གནོད་སེལ་ལ་ཞུགས་པའི་ཉེན་རྟོག་དྲག་དཔུང་གི་དཔོན་དམག་ཚོ། ས་གནས་དེ་གའི་མང་ཚོགས་༡༥༠༠ལྷག་ཙམ་དགོང་ཚོགས་ལ་ཞུགས་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།སི་ཁྲོན་དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་དང་གེགས་ཐེབས་
མང་ཚོགས་ཚོས་མཉམ་དུ་རིག་རྩལ་དགོང་ཚོགས་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།