འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱས་སྐྲུན་བྱས་ཟིན་པའི་ཟི་ལིང་མེ་འཁོར་ས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱས་སྐྲུན་བྱས་ཟིན་པའི་ཟི་ལིང་མེ་འཁོར་ས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་གྲབས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆེས་མཐའ་མའི་མཉམ་འབྲེལ་མཐུན་འགྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་ལན་ཤིན་མྱུར་བགྲོད་ལྕགས་ལམ་ཟི་ལིང་བབས་ཚུགས་ཀྱི་ཨར་སྐྲུན་ལས་མཇུག་འགྲིལ་གྲབས་ཡོད་པ་དང་། སྔོན་དཔག་ལྟར་ན་ལོ་མཇུག་ཏུ་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།
         ལན་ཤིན་མྱུར་བགྲོད་ལྕགས་ལམ་ཟི་ལིང་བབས་ཚུགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་༦ཟིན་པ་དང་། བབས་ཚུགས་ནང་ཁྱོན་སྒུག་སྟེགས་༩དང་འབྱོར་གཏོང་ལམ་ཐིག་༢༡བཙུགས་པའི་ནང་སྤྱིར་བཏང་མྱུར་ཚད་ཁུལ་དུ་འབྱོར་གཏོང་ལམ་ཐིག་༨དང་མྱུར་བགྲོད་ཁུལ་དུ་འབྱོར་གཏོང་ལམ་ཐིག་༡༣བཙུགས་ཡོད། མཚོ་བོད་ལྕགས་ལམ་གྱི་ཐོན་ཚུགས་དང་ལན་ཤིན་མྱུར་བགྲོད་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཟི་ལིང་བབས་ཚུགས་དེ་ཉིད་མཚོ་བོད་ས་མཐོའི་ལྕགས་ལམ་འགྲིམ་འགྲུལ་གྱི་ལྟེ་བའི་ལས་གྲྭ་ཆེ་ཤོས་ཤིག་ཏུ་གྱུར་པ་རེད།
    ༄༅།།རྒྱས་སྐྲུན་བྱས་ཟིན་པའི་ཟི་ལིང་མེ་འཁོར་ས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་གྲབས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།