འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་འབྱོར་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་
    ཀྱི་འགོ་ཁྲིད་པ་ཞལ་འཛོམས་ལ་ཞུགས་པ་མ་ཟད་སེ་ཨེ་ཝེ་ཡ་རྒྱལ་ཁབ་ལ་
    དངོས་གཞིའི་འཚམས་འདྲིའང་གནང་བ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་འབྱོར་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་
ཀྱི་འགོ་ཁྲིད་པ་ཞལ་འཛོམས་ལ་ཞུགས་པ་མ་ཟད་སེ་ཨེ་ཝེ་ཡ་རྒྱལ་ཁབ་ལ་
དངོས་གཞིའི་འཚམས་འདྲིའང་གནང་བ།
        མི་དམངས་དྲ་བའི་འཕྲིན། སེ་ཨེ་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཝུའུ་ཆི་ཆི་ཡིས་གདན་འདྲེན་གནང་བ་ལྟར་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་15ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་སྤྱོད་གནམ་གྲུར་བཞུགས་ཏེ་པེར་པེ་རེ་ཏེ་ཉི་ཀུའུ་ལ་•ཐའེ་སི་ལ་གནམ་གྲུ་ཐང་དུ་འབྱོར་ཏེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞལ་འཛོམས་ཐེངས་གསུམ་པར་ཞུགས་པ་མ་ཟད་སེ་ཨེ་ཝེ་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་ཡང་གནང་བ་རེད།
          ལི་ཁེ་ཆང་གིས་ཀྲུང་སེ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་དུས་ཡུན་ཧ་ཅང་རིང་པོ་ལྡན་ཞིང་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་ནི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀའི་བར་གྱི་གཉིས་ཕན་མཉམ་ལས་བྱེད་རྒྱ་ཟམ་མ་ཆད་པར་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པ། ཕན་ཚུན་བར་བརྗེ་རེས་བྱེད་ཚད་དང་དཔྱད་གཞིར་འཛིན་ཚད་ཇེ་ཟབ་ཏུ་སོང་བ་བཅས་ཀྱི་རྐྱེན་གྱིས་རེད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞལ་འཛོམས་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་གནང་བ་དེའི་ཐོག་ནས་ཀྲུང་སེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཁྲོད་ནུས་པ་གལ་ཆེན་ལྡན་པ་མཚོན་པ་རེད། ངས་ཐེངས་འདིའི་མཚམས་འདྲི་བྱེད་པ་དང་ཞལ་འཛོམས་ལ་ཞུགས་པ་དེས་ཀྲུང་སེ་རྒྱལ་ཁབ་ཕྱོགས་གཉིས་བར་གྱི་འབྲེལ་བ་སྲ་བརྟན་དུ་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་སྤེལ་་བཏང་ནས་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བྱེད་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 
    ༄༅།།ལི་ཁེ་ཆང་པེར་ཀེ་རེ་ཏེ་གྲོང་ཁྱེར་དུ་འབྱོར་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་
ཀྱི་འགོ་ཁྲིད་པ་ཞལ་འཛོམས་ལ་ཞུགས་པ་མ་ཟད་སེ་ཨེ་ཝེ་ཡ་རྒྱལ་ཁབ་ལ་
དངོས་གཞིའི་འཚམས་འདྲིའང་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།