༄༅།།ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞི་ཉི་གྲོང་ཁྱེར་དུ་མི་གཏའ་བཙན་ཁྲིད་བྱེད་པའི་དོན་རྐྱེན་བྱུང་བ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 12ཚེས་17ཉིན། 08:19】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་༡༢ཚེས་༡༥ཉིན་གྱི་སྔ་དྲོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞི་ཉི་གྲོང་ཁྱེར་གྱི་མ་ཏིང་ཐང་ཆེན་དུ་གནས་པའི་ཁ་ཧྥེའི་ཇ་ཁང་ཞིག་ཏུ་མི་གཏའ་བཙན་ཁྲིད་བྱེད་པའི་དོན་རྐྱེན་ཞིག་བྱུང་བ་རེད། དོན་རྐྱེན་བྱུང་བའི་གནས་ཚུལ་ཐོས་རྗེས་ཞི་ཉི་གྲོང་ཁྱེར་གྱི་ཉེན་རྟོག་པས་ཁ་ཧྥེའི་ཇ་ཁང་དང་ཐག་ཉེ་ས་སོགས་སུ་ཡོད་པའི་མི་སྣ་རྣམས་ཀྱི་འགྲོ་འོང་བྱེད་ལམ་བཀག་པ་དང་ཆབས་ཅིག བཙན་ཁྲིད་བྱས་པའི་མི་གཏའ་མྱུར་སྐྱོབ་བྱེད་པར་བརྩོན་པ་དང་། བཙན་ཁྲིད་བྱས་པའི་མི་གཏའ་ག་ཚོད་ཡོད་པ་ད་དུང་ཡོངས་བསྒྲགས་བྱས་མེད་པ་རེད།
【1】
【2】
【3】
【4】
【5】
【6】
【7】