འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གྲོང་ཚོ་དབུལ་པོས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་ཚོད་ལྟའི་
    ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༥ནས་༦ཉིན་བར་རྒྱལ་ཡོངས་ཀྱི་གྲོང་ཚོ་དབུལ་པོས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ཚོད་ལྟའི་ལས་ཀའི་བཞུགས་མོལ་ཚོགས་འདུ་དེ་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཀྲོའུ་རུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ལྔའི་རིང་རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩས་ས་ཁུལ་དབུལ་པོར་ཁ་གསབ་སྤྲོད་པའི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་༡༡.༥ཟིན་ནས་རང་རྒྱལ་དུ་མིག་སྔར་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་མི་འབོར་ཁྲི་༨༠༠ལྷག་ཙམ་ཟིན་ཡོད་པ་རེད།
         ཡུལ་སྐོར་དབུལ་སྐྱོར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྣམ་གྲངས་བཅུའི་ལས་ཀའི་གྲས་ཤིག་རེད། ཀྲུང་དབྱང་གི་<<ལམ་སྲོལ་སྲོལ་གཏོད་བྱས་ནས་གྲོང་གསེབ་ཀྱི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བསམ་འཆར་>>ནང་༢༠༡༥ལོར་སླེབས་སྐབས་རོགས་སྐྱོར་བྱས་པའི་གྲོང་ཚོ་དབུལ་པོ་༢༠༠༠ཙམ་ལ་ཤང་གྲོང་གི་ཡུལ་སྐོར་གཉེར་རྒྱུ་དང་༢༠༢༠ལོར་སླེབས་སྐབས་རོགས་སྐྱོར་བྱས་པའི་གྲོང་ཚོ་དབུལ་པོ་༦༠༠༠ཙམ་ལ་ཤང་གྲོང་གི་ཡུལ་སྐོར་གཉེར་རྒྱུ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།