འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གནང་རེས་མཛད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གིས་གསར་བཟོ་བྱས་པའི་སའི་གོ་ལའི་ཐོན་ཁུངས་འཚོལ་ཞིབ་འཁོར་སྐར་04རྟགས་ཅན་དེ་ཐའེ་ཡོན་གྲོང་ཁྱེར་ནས་ལེགས་འགྲུབ་ངང་འཕེན་གཏོང་བྱས་པ་རེད། ཉིན་དེ་རང་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཧྥུའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གནང་བ་རེད།
          ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གྱི་ནང་དུ་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་སའི་གོ་ལའི་ཐོན་ཁུངས་འཚོལ་ཞིབ་འཁོར་སྐར་ཞིབ་འཇུག་གིས་གསར་བཟོ་བྱེད་པའི་མཉམ་ལས་ལས་གཞི་འདིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཇིག་རྟེན་ལ་འཕུར་སྐྱོད་ཁྱབ་ཁོངས་སུ་མཉམ་ལས་སྤེལ་བའི་ལེགས་འགྲུབ་བྱུང་བའི་སྔོན་དཔེ་གསར་དུ་བཏོད་པ་རེད། ལོ་མང་རིང་ཀྲུང་པར་རྒྱལ་ཁབ་གཉིས་ཀྱིས་ས་གོ་ལའི་ཐོན་ཁུངས་འཚོལ་ཞིབ་འཁོར་སྐར་ཞིབ་འཇུག་གིས་གསར་བཟོ་བྱས་པའི་ཐད་གྲུབ་འབྲས་གཡུར་ཟ་བ་ཐོབ་སྟེ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད། 04རྟགས་ཅན་གྱི་འཁོར་སྐར་ལེགས་གྲུབ་ངང་འཕེན་གཏོང་བྱེད་པ་དེ་ཏག་ཏག་ཀྲུང་གོས་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ཐེངས་200པ་བྱས་པ་དང་ཁེལ་བས། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་ཐད་ཀྱི་གྲུབ་འབྲས་དང་ཆུ་ཚད་གསར་ཤོས་གསལ་པོར་བསྟན་པ་རེད། ཕྱོགས་གཉིས་ཀས་ཀྲུང་པར་རྒྱལ་ཁབ་གཉིས་བར་གྱི་འཇིག་རྟེན་ལ་འཕུར་སྐྱོད་མཉམ་ལས་ལོ་བཅུའི་འཆར་གཞི་དོན་འཁྱོལ་ཧུར་བརྩོན་ཆེན་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་པར་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།