འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་ལོ་བཅུ་གཅིག་བསྟུད་མར་ཐོན་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་08ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་གྲངས་གཞི་ལས་མངོན་གསལ། ༢༠༡༤ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་༦༠༧༡༠(རྒྱ་མ་དུང་ཕྱུར་༡༢༡༤༢)ཟིན་པ་དེ་༢༠༡༣ལོ་ལས་ཏུན་ཁྲི༥༡༦(རྒྱ་མ་དུང་ཕྱུར་༡༠༣)འཕར་ནས་འཕར་ཚད་༠.༩%ཟིན་ཡོད་པ་རེད། སྲིད་ཇུས་བརྟན་པོ་དང་། ཚན་རྩལ་འདེགས་སྐྱོར། སྤྱི་ཡོངས་ཀྱི་གནོད་འཚེ་ལོ་གོང་མ་ལས་ཉུང་དུ་སོང་བ་བཅས་ཀྱི་གནས་ཚུལ་འོག་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད “ལོ་བཅུ་གཅིག་བསྟུད་མར་ཐོན་འཕར”བྱུང་ཡོད་པ་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)༣༡གི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དུད་ཚང་གི་དཔེ་འཐེན་བརྟག་དཔྱད་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་སྤྱི་ཡོངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ༢༠༡༤ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང་༡༡༢༧༣༨.༣(མུའུ་ཁྲི་༡༦༩༡༠༧.༤)ཟིན་པ་དེ་༢༠༡༣ལོ་ལས་སྤྱི་ཆིང་སྟོང་༧༨༢.༧(མུའུ་ཁྲི་༡༡༧༤.༡)འཕར་ནས་འཕར་ཚད་༠.༧%ཟིན་པའི་ནང་འབྲུ་རིགས་ཀྱི་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང་༩༤༦༢༢.༨(མུའུ་ཁྲི་༡༤༡༩༣༤.༡)ཟིན་པ་དེ་༢༠༡༣ལོ་ལས་སྤྱི་ཆིང་སྟོང་༨༥༤.༡(མུའུ་ཁྲི་༡༢༨༡.༢)འཕར་ནས་འཕར་ཚད་༠.༩%ཟིན་ཡོད། རྒྱལ་ཡོངས་ཀྱི་འབྲུ་རིགས་མུའུ་རེའི་རྒྱ་ཁྱོན་ཐོན་འབོར་སྤྱི་རྒྱ/སྤྱི་ཆིང་༥༣༨༥(སྤྱི་རྒྱ/མུའུ༣༥༩)ཟིན་པ་དེ་༢༠༡༣ལོ་ལས་སྤྱི་རྒྱ/སྤྱི་ཆིང་༨.༤(སྤྱི་རྒྱ/མུའུ་༠.༦)འཕར་ནས་འཕར་ཚད་༠.༢%ཟིན་པའི་ནང་འབྲུ་རིགས་ཀྱི་རིགས་མུའུ་རེའི་རྒྱ་ཁྱོན་ཐོན་འབོར་སྤྱི་རྒྱ/སྤྱི་ཆིང་༥༨༨༩.༤(སྤྱི་རྒྱ/མུའུ་༣༩༢.༦)ཟིན་པ་དེ་༢༠༡༣ལོ་ལས་སྤྱི་རྒྱ/སྤྱི་ཆིང༤.༨(སྤྱི་རྒྱ/མུའུ་༠.༣)ཆག་ནས་ཆག་ཚད་༠.༡%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།