འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་དབྱིན་ཇི་ཕྱོགས་ཀྱི་མི་སྣ་རེ་ཟུང་ལ་མུ་མཐུད་རྙོག་སུན་
    བཟོ་མི་རུང་བའི་བསླབ་བྱ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཤང་ཀང་དུ་ཡོང་དུ་མ་བཅུག་པའི་སྐོར་ལ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཟླ་༡༢ཚེས་༢ཉིན་གལ་སྲིད་དབྱིན་ཇི་ཕྱོགས་ཀྱི་མི་ལ་ལས་ད་དུང་མུ་མཐུད་རྙོག་སུན་བཟོས་ན་རྡོ་ཡར་བཀྱགས་ནས་རང་ཉིད་ཀྱི་རྐང་པར་གཞུས་པའི་མཇུག་འབྲས་མ་གཏོགས་ཡོང་མི་སྲིད་ཅེས་བསྟན་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མའེ་ལུན་གྱི་གཞུང་དོན་ཁང་གི་མགྲིན་ཚབ་པས་ཉེ་ཆར་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚོགས་པ་ཤང་ཀང་དུ་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ཁས་མ་བླངས་པ་ནི་ནོར་འཁྲུལ་དང་འབྲས་བུ་ཡག་པོ་མི་ཡོང་བ་ཞིག་ཡིན་པས་དབྱིན་ཇི་ཕྱོགས་ཀྱིས་ཤང་ཀང་གི་དུས་བབ་ལ་དོ་ཁུར་དེ་བས་ཟབ་པ་བྱེད་སྲིད་ཅེས་བཤད་ཡོད།
         དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨའོ་ཐ་ཝུའེ་ཡིས་དབྱིན་ཇི་ཕྱོགས་ཀྱིས་རང་ཉིད་སྔར་བཞིན་མི་སེར་སྤེལ་མཁན་ཡིན་པར་ངོས་འཛིན་གཏན་ནས་བྱེད་མྱོང་མེད། ཀྲུང་གོས་བསྒྲུབ་རྒྱུ་ཁས་ལེན་བྱས་པ་ལག་བསྟར་བྱུང་བའི་བརྟག་དཔྱད་བྱེད་དབང་ཡོད་ཅེས་བཤད་ཡོད། ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། དེང་སྐབས་ཤང་ཀང་དུ་ཐོན་པའི“དཀྱིལ་བཟུང”གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ངོ་བོ་ནི་གསལ་པོ་རེད། ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་ནི་གསལ་པོ་ཡིན་པས་ཕྱི་རྒྱལ་སྲིད་གཞུང་དང་སྒྲིག་གཞིའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་བྱ་ཐབས་གང་རུང་གི་ཐོག་ནས་ཤང་ཀང་གི་བྱ་བར་ཐེ་ཇུས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་བརྟན་པོ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།