འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་ཚབ་ཚོགས་པ་ཁ་ན་ཏ་
    རྒྱལ་ཁབ་ཏུ་འཚམས་འདྲིར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༢ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་གཙོ་བྱས་པའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་ཚབ་ཚོགས་པ་ཁ་ན་ཏར་ཕེབས་ཏེ་ཁ་ན་ཏའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོའི་ལས་ཚབ་པ་ཏན་ཉི་ཨར་རེང་ལ་མཇལ་འཕྲད་གནང་བ་རེད།
         མཇལ་འཕྲད་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་བོད་དོན་སྲིད་ཇུས་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ངོ་སྤྲོད་གནང་ཞོར་དུ། ཀྲུང་གོ་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་ཁྲིམས་འཛུགས་སྡེ་ཁག་བར་ཕན་ཚུན་སྤེལ་རེས་དང་མཉམ་ལས་གནང་བར་གདེང་འཇོག་ཆེན་པོ་གནང་བ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་ཚབ་ཚོགས་པ་ཟླ་༡༡ཚེས་༣༠ཉིན་ཁ་ན་ཏ་རྒྱལ་ཁབ་ཀྱི་ཝུན་ཀོ་ཧྭ་གྲོང་ཁྱེར་དུ་འབྱོར་ཞིང་། ཁ་ན་ཏ་རྒྱལ་ཁབ་ཏུ་ཉིན་༤རིང་འཚམས་འདྲི་གནང་རྗེས་ཨ་རིར་འཚམས་འདྲི་གནང་བར་ཕེབས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།