འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་མི་སྣས་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་ཨའེ་པོ་ལ་
    རིམས་ནད་ཞི་ལྷོད་དུ་འགྲོ་བཞིན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་ལས་རོགས་པུའུ་ལུའུ་སི•ཨེའར་ཨོ་ཏེ་ཡིས་རེ་ནི་ཝ་རུ་ཀི་ནེ་ཡ་དང་། ལི་པེ་རི་ཡ། སི་ར་ལ་ཨོང་བཅས་རྒྱལ་ཁབ་གསུམ་གྱི“༧༠-༧༠-༦༠”ཡི་རིམས་ནད་ཚོད་འཛིན་དམིགས་ཚད་ལེགས་གྲུབ་ཟིན་པའམ་ཡང་ན་སླད་ཕྱིན་གཟའ་འཁོར་ཁ་ཤས་ནང་ལེགས་འགྲུབ་ཡོང་རྒྱུ་ཡིན་པར་བརྟེན་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་ཨའེ་པོ་ལ་རིམས་ནད་ཞི་ལྷོད་དུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཨའེ་པོ་ལ་འཕྲལ་སྡོམ་དམིགས་བསལ་མངགས་གཏོང་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་པའི་ཟླ་སྟོད་དུ“༧༠-༧༠-༦༠”ཡི་རིམས་ནད་ཚོད་འཛིན་དམིགས་ཚད་བཏོན་ནས་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་རིམས་ནད་ཚབས་ཆེན་ཁུལ་གྱིས་ཉིན་༦༠(ད་ལོའི་ཟླ་༡༢ཚེས་༡ཉིན་བར)ཡི་དུས་ཚོད་ནང་ཨའེ་པོ་ལ་ནད་གཞི་༧༠%ཡན་སྨན་བཅོས་དང་ཟུར་བཀར་ཐུབ་པའི་འགན་ལེན་དང་གཤིན་པོ་དུར་འཇུག་གི་བྱ་སྤྱོད་༧༠%ཡན་བདེ་འཇགས་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།
         ཉིན་དེར་ཨེའང་ཨོ་ཏེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཏི་ནེ་ཝ་དོན་གཅོད་ཁྲུའུ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་འོག་དང་དེ་བཞིན་སྡེ་ཁུལ་ཞུགས་པ་བརྒྱུད་རིམས་ནད་ཚབས་ཆེན་ཁུལ་གྱི་བདེ་འཇགས་ངང་གཤིན་པོ་དུར་འཇུག་ཚོགས་པའི་གྲངས་འབོར་ནི་འདས་ཟིན་པའི་ཉིན་༦༠ཡི་ནང་ལྡབ་གཅིག་འཕར་བ་མ་ཟད། ཨ་ཧྥེ་རི་ཁ་ནུབ་རྒྱུད་ཀྱི་རྒྱལ་ཁབ་གསུམ་གྱིས་ཨའེ་པོ་ལ་རིམས་ནད་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་༧༠%ལྷག་ཙམ་བདེ་འཇགས་ངང་གཤིན་པོ་དུར་འཇུག་བྱ་རྒྱུའི་འགན་ལེན་བྱས་པ་དང་། ཀི་ནི་ཡ་དང་ལི་པེ་རི་ཡ་ཡིས་ཨའེ་པོ་ལ་རིམས་ནད་ཕོག་པའི་ནད་པ་༧༠%ལྷག་ཙམ་ཨའེ་པོ་ལ་སྨན་བཅོས་ལྟེ་གནས་སམ་ཡང་ན་སྡེ་ཁུལ་གྱི་ནད་ཞབས་ལྟེ་གནས་ལ་སྨན་བཅོས་བྱ་རྒྱུའི་འགན་ལེན་བྱས་པ་མ་ཟད་སྨན་བཅོས་ནད་ཁྲི་མང་དུ་བཏང་བ་དང་དུས་མཚུངས་སི་ར་ལ་ཨོང་ཡང་སླད་ཕྱིན་གྱི་གཟའ་འཁོར་ཁ་ཤས་ནང་དམིགས་ཚད་དེ་ལོན་རྒྱུ་རེད་ཅེས་བཤད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་གྲངས་གཞི་གསར་ཤོས་ལས་མཚོན་པར་གཞིགས་ན། ཟླ་༡༡ཚེས་༢༨ཉིན་བར་རིམས་ནད་ཚབས་ཆེན་ཁུལ་ཡིན་པའི་ཀེ་ནེ་ཡ་དང་། ལི་པེ་རི་ཡ། སི་ར་ལ་ཨོང་བཅས་ལ་ཨའེ་པོ་ལ་རིམས་ནད་ཀྱི་དོགས་པ་ཡོད་པ་དང་ཡིན་སྲིད་པའམ་ཡང་ན་ནད་གཞི་གཏན་འཁེལ་གྱི་ནད་དཔེ་༡༦༨༩༩ཤེས་རྟོགས་བྱུང་བ་དེའི་ནང་མི་༥༩༨༧རྐྱེན་ལམ་དུ་ཤོར་བ་རེད། གཞན་ཡང་མ་ལིའི་སྙན་ཞུའི་ནང་གི་ནད་གཞི་གཏན་འཁེལ་བའམ་ཡང་ན་ཡིན་སྲིད་པའི་ནད་དཔེ་༨ནང་མི་༦རྐྱེན་ལམ་དུ་ཤོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།