འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་བཟོ་བཅོས་བརྒྱབ་པ།

    ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་དོ་དམ་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲིམས་ལུགས་ཀྱི་སྣེ་ཁྲིད་དང་ཚད་ལྡན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཤིན་ཅང་གི་ཆོས་ལུགས་ལས་དོན་ཐད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཁ་གཏད་གཅོག་ཆེད་གསར་དུ་བཟོ་བཅོས་བརྒྱབ་པའི་<<ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་>>(གཤམ་དུ་<<སྲོལ་ཡིག་>>ཅེས་བརྗོད་རྒྱུ)དེ་༢༠༡༥ལོའི་ཟླ་༡ཚེས་༡ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         <<སྲོལ་ཡིག་>>ནང་རྩ་འཛུཊ་དང་མི་སྒེར་གང་ཞིག་ཡིན་རུང་གྲངས་འཛིན་དཔེ་སྐྲུན་དང་། དྲ་སྦྲེལ། སྒུལ་བདེའི་ཁ་པར། སྒུལ་བདེའི་གསོག་འཇོག་སྨྱན་རྫས་སོགས་བརྒྱུད་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་། མི་རིགས་དབར་འཁོན་འཛིན་དང་མི་རིགས་མཐོང་ཆུང་ངན་སྐུལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ནང་དོན་ཉན་པ་དང་། ལྟ་བ། གསོག་ཉར་བྱེད་པ། བཟོ་བ། བསྐྱར་བཟོ་བྱེད་པ། བརྒྱུད་བསྒྲགས་བཅས་བྱེད་མི་རུང་། གལ་སྲིད་གཏན་འབེབས་ལས་འགལ་ཚེ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་འཚམས་འཇོག་བྱེད་དུ་འཇུག་པ་མ་ཟད་འབྲེལ་ཡོད་སྒྲིག་ཆས་གཞུང་བཞེས་གཏོང་བ་དང་འབྲེལ་ཡོད་དྲ་བ་མེད་པ་བཟོ་དགོས། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ཚེ་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ་མ་ཟད་སྒོར་༥༠༠༠ཡན་དང་ཁྲི་༣མན་གྱི་ཆད་པ་གཅོད་དགོས་པའི་གཏན་འབེབས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།