འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རུ་ཐོག་རྫོང་གིས་བོད་སྐད་ཡིག་ལས་དོན་ལ་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་མང་ཚོཊ་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས“དམ་འཛིན་བཞི”དང“གནད་ལ་འཁེལ་བ་གསུམ”མཐའ་འཁྱོངས་དང་བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་ཡོངས་ལ་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་སློབ་སྦྱོང་ནན་ཏན་བྱེད་དུ་བཅུག་ནས། བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡག་པོ་བྱེད་རྒྱུའི་ཁྲིད་སྟོན་བྱས་པ་རེད།
         སློབ་སྦྱོང་དམ་འཛིན་བྱས་ཏེ“སྐད་ཡིག་གཉིས”ཀྱི་སློབ་གསོའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ཡོད། བོད་སྐད་ཡིག་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྣང་ཆེན་དང་ཐབས་ལམ་མང་པོར་བརྟེན་ཏེ། ལས་བྱེད་པས་བོད་ཡིག་སྤྱོད་པའི་ནུས་པ་མཐོ་རུ་བཏང་བ་དང“སྐད་ཡིག་གཉིས”སློབ་སྦྱོང་དཔྱད་ཞིབ་དང་བོད་སྐད་ཡིག་གི་དཔྱད་ཞིབ་རིམ་པའི་ལམ་ལུགས་བཟོས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་དང་ཆུ་ཚད་མཐོ་རུ་བཏང་བ་དང་། ཚད་ལྡན་ཡོང་རྒྱུར་དམ་འཛིན་བྱས་ཏེ་སྤྱི་ཚོགས་ཐོག་སྤྱོད་པའི་ཡི་གེ་དང་། ཡིག་ཆ་རྩོམ་སྒྱུར། ཚོགས་འདུའི་ཡིག་ཆ། བོད་ཡིག་བཅས་དག་པར་སྤྱད་ནས་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་བ། འཕེལ་རྒྱས་དང་། འཆར་འགོད། སྣེ་འཁྲིད། ཚན་ཞིབ་རྨང་གཞི། ཡི་གེའི་ནུས་པ། ལག་རྩལ་བེད་སྤྱོད་བཅས་ལ་དམ་འཛིན་བྱས་ཏེ་བོད་སྐད་ཡིག་ཚད་ལྡན་དང་ཆ་འཕྲིན་དུ་གྱུར་ནུས་མཐོ་རུ་བཏང་བ། ཁྲིམས་ལུགས་ལ་དམ་འཛིན་བྱས་ཏེ་ལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་དང་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་བཏང་ནས་བོད་སྐད་ཡིག་ལས་དོན་ལ་གཞི་འཛིན་སའི་ཁྲིམས་སྲོལ་སྒྲིག་ལམ་ཡོད་པ་བྱས་ཡོད། བསམ་བློ་དང་། སློབ་སྦྱོང་། ལས་དོན་བཅས“གནད་ལ་འཁེལ་བ་གསུམ”ཡོང་བ་བྱས་ཏེ་བོད་སྐད་ཡིག་གི་ལས་དོན་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རུ་ཐོག་རྫོང་གི་བོད་སྐད་ཡིག་ལས་དོན་དེ་ཉིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ཏན་ཏིག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།