འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་APECའགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུའི་ཐོག་འགོ་ཚུགས་
    གསུང་བཤད་དང་མཇུག་འགྲིལ་ཤིས་ཚིག་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པ་པེ་ཅིང་ཧོའེ་རོའུ་གཡན་ཆིའི་མཚེའུའི་འགྲམ་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས༼མ་འོངས་ལ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས་༽ཞེས་པའི་འགོ་ཚུགས་གསུང་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གི་འགོ་ཚུགས་གསུང་བཤད་ནང་ཁོངས་མིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱིས་ཚོགས་འདུའི་བརྗོད་དོན་གཙོ་བོ་དང་གྲོས་གཞི་ཆེན་པོ་གསུམ་ལ་དམིགས་ནས་གནང་བའི་གྲོས་བསྡུར་གནས་ཚུལ་ཕྱོགས་སྡོམ་མདོར་བསྡུས་ཤིག་གནང་བ་སྟེ། ལོ་25རིང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལོ་རྒྱུས་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ཀྱི་འཆར་འགོད་དང་ཁ་ཕྱོགས་ལ་རྒྱང་ལྟ་གནང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་ཆེས་ཆེར་བརྒྱབ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ།ཐུན་མོང་ཐོག་མཉམ་ལས་ཀྱི་མཐུན་རྐྱེན་གཏོད་པ།ཐུན་མོང་ཐོག་མཉམ་འགུལ་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་ཆོད་སེམས་འཇོག་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཡུན་རིང་འཕར་སྣོན་ཆེན་པོ་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་ཡོང་ཁུངས་རེད།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྣེ་འདྲེན་དང་མཐུན་སྦྱོར་གྱི་ནུས་པ་མུ་མཐུད་འདོན་སྤེལ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཆར་གཞི་གསར་པ་བཀོད་ནས་ཐུན་མོང་ཐོག་སྒོ་དབྱེ་དང་།བསྟུན་མཁས།དོ་མཉམ།ཀུན་ཕན་བཅས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་གཞི་སྒྲོམ་འཛུགས་དགོས་པའི་ནན་བཤད་བྱས་པ།གོ་ལ་ཧྲིལ་པོའི་རིན་ཐང་འབྲེལ་ཐག་དང་།མཁོ་སྤྲོད་འབྲེལ་ཐགནུས་པའི་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གལ་ཆེའི་གྲོས་འགོར་ཆོག་མཆན་བཀོད་པ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་ཏུའོ་ཧྭ་གྲོས་མོལ་གང་མྱུར་མཇུག་འགྲིལ་རྒྱུར་སྐུལ་མ་གཏོང་བའི་རེ་འབོད་ནུས་ལྡན་བྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་དེ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དུས་སྐབས་རྗེས་ཀྱི་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་རིམ་དུ་སླེབས་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱིས་ངེས་པར་དུ་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཐད་ཀར་ཕྱོགས་ནས་གསར་གཏོད་དང་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་གསར་པ་སྔོག་འདོན་བྱེད་དགོས་པའི་ངོས་འཛིན་བྱས་པ།རང་ཉིད་ཀྱི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་འཕེལ་རྒྱས་གཏོང་སྟངས་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ་ཕན་ཚུན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ་ཕུན་སུམ་ཚོགས་སུ་བཏང་ནས་རྒྱུ་མང་འཕེལ་རྒྱས་དང་མཉམ་དུ་སྐྱོད་པའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུའི་ཆོད་སེམས་འཇོག་པ།ང་ཚོས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་རྐྱང་ཞིག་གསར་འབྱེད་བྱས་ནས་༼ཡོང་འབབ་འབྲིང་གྲས་ཀྱི་དཀའ་གནད་༽ལས་སྒྲོལ་བ་དང་།དྲ་སྦྲེལ་དཔལ་འབྱོར།གྲོང་རྡལ་ཅན་སོགས་གསར་དར་གྲོས་གཞི་གལ་ཆེ་ང་ཚོའི་མིག་ལམ་དུ་འཆར་བ་དང་གྲོས་བསྡུར་གཏིང་ཟབ་བྱ་རྒྱུའི་བློ་སྒོ་འབྱེད་ནས་ཕན་འབྲས་གལ་ཆེན་ཐོན་ཡོད་པ།ཁྱོན་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕར་བའི་འབྱུང་ཁུངས་གསར་པ་གསར་འབྱེད་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུར་ཕན་འདོགས་ཡོད་པས་ཁོངས་མི་ཁག་གི་ཐུན་མོང་གི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ།རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་བསྡུ་གཏོང་ཁྱབ་ཁོངས་ཀྱི་དམ་པ་དོན་གཉེར་གྱི་མཉམ་ལས་ཆེ་རུ་གཏོང་བ་དང་། གཞུང་སྒེར་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བའི་དཔེ་དབྱིབས་ཁྱབ་སྤེལ་གཏོང་བ།ས་ཁུལ་དེ་གའི་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྱོང་གི་མ་དངུལ་གྱི་དཀའ་གནད་སེལ་རོགས་བྱེད་པ་བཅས་ཀྱི་གཏན་འབེབས་བྱས་པ།གཞི་རྒྱ་ཆེ་བའི་རིམས་ནད་དང་།འཇིགས་སྐུལ་རིང་ལུགས།རང་བྱུང་གནོད་འཚེ།གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་གཏན་འབེབས་བྱས་པ་བཅས་རེད།
        ཞིས་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། འདི་ལོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25འཁོར་བ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལོ་25ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་འཕེལ་རྒྱས་གྲ་རྒྱས་འགྲོ་བའི་ལོ་25ཡང་ཡིན།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་གྲུབ་འབྲས་དཔང་པོ་བྱས་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ལས་འགན་གསར་པའང་སྤྲད་ཡོད།
        དེང་སྐབས་འཛམ་གླིང་དཔལ་འབྱོར་སླར་གསོའི་ཐད་བརྟན་པོ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་སྔར་བཞིན་འཕྲད་ཡོད་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་འཕེལ་རྒྱས་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ནས་གོ་སྐབས་འཕྲད་ཡོད་ལ་འགྲན་སློང་ཡང་འཕྲད་ཡོད།དུས་བབ་གསར་པའི་མདུན་དུ་ང་ཚོས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་།ཕུགས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྒོ་དབྱེའི་ཆགས་སྟངས་ཤིག་གཏོད་པ།སྒྱུར་བཅོས་གསར་གཏོད་ལ་ཁྱོན་ཡོངས་ནས་སྐུལ་མ་གཏོང་བ།འཕར་གཞི་དང་སྒུལ་ཤུགས་གསར་པ་སྔོག་འདོན་བཅས་བྱས་ནས་ཤུགས་ཆེ་བ་དང་རྒྱུན་སྲིང་གི་འཕར་སྣོན་གྱི་གནས་སྟངས་གཏོད་པ་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་འཐུས་ཚང་དུ་བཏང་ནས་ཁྱོན་ཡོངས་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་གཏོད་དགོས་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པས་འཕེལ་རྒྱས་གསར་གཏོད་དང་།འཕར་སྣོན་མཉམ་འགུལ།ཁེ་ཕན་མཉམ་འདྲེས་བཅས་ཀྱི་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་རྣམ་པ་ཞིག་གཏོད་རྒྱུ་དེ་ནི་ཁོངས་མི་ཚང་མའི་ཐུན་མོང་གི་ཁེ་ཕན་དང་འཚམ་ཡོད།གཅིགའཕེལ་རྒྱས་ཀྱི་འཆར་གཞི་ཐུན་མོང་ཐོག་བཀོད་དགོས།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མ་འོངས་འཕེལ་རྒྱས་དེ་ཁོངས་མི་ཚང་མའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་།གཉིས།གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ།གསུམ།མཉམ་ལས་ཀྱི་མཐུན་རྐྱེན་ཐུན་མོང་ཐོག་བཏོད་དགོས་པ།བཞི།མཉམ་འགུལ་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
        མཇུག་ཏུ་ཞིས་ཅིན་ཕིང་གིས་༼མ་འོངས་ལ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་པའི་༽བརྗོད་དོན་གཙོ་བོའི་འོག་ང་ཚོས་༼ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏོང་བ་༽དང་༼དཔལ་འབྱོར་གསར་གཏོད་འཕེལ་རྒྱས་དང་སྒྱུར་བཅོས་དང་འཕར་སྣོན་ལ་སྐུལ་འདེད་གཏོང་བ་༽ ༼ཁྱོན་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་༽བཅས་གྲོས་གཞི་གཙོ་གནད་གསུམ་ལ་དམིགས་ཏེ་གྲོས་བསྡུར་བྱ་རྒྱུ་རེད།ངས་ད་རེས་ཚོགས་འདུས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུའི་རེ་བ་དང་འབྲེལ་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།