འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།APECདཔལ་འབྱོར་སྒྲིག་གཞིའི་འགོ་ཁྲིད་མི་སྣ་དང་འཐུས་མིས་༼ཨེ་ཤེ་ཡ་དང་ཞི་བདེ་རྒྱ་
    མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་ནགས་གླིང་༽དུ་མཉམ་དུ་སོམ་ཤིང་དཀར་པོ་བཏབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་སྒྲིག་གཞིའི་འགོ་ཁྲིད་མི་སྣ་དང་དེ་བཞིན་འཐུས་མི་དང་ལྷན་དུ་གཡན་ཆིའི་གླིང་ཕྲན་གྱི་དབྱར་ཁའི་གླིང་གར་སོམ་ཤིང་དཀར་པོ་21བཏབ་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25འཁོར་བར་དྲན་གསོ་ཞུས་པ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཕན་ཚུན་ཡིད་ཆེས་དང་།ཁོག་ཡངས།མཉམ་ལས།གཉིས་ཁེ་བཅས་ཀྱི་སྨོན་འདུན་བཟང་པོ་ཡང་མཚོན་པ་གནང་བ་རེད།
         ༼ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་ནགས་གླིང་༽གྲུབ་ཆའི་མཐོ་ཚད་སྨི་2ལྷག་ཙམ་ཡོད་པའི་སོམ་ཤིང་དཀར་པོ་21དེ་དག་གིས་ཐན་འགོག་གྲང་འགོག་ཐུབ་པ་དང་སྐྱེ་བཟང་བས་མཐོ་ཚད་སྨི་10ལྷག་ཙམ་གྱི་ཤིང་སྡོང་དུ་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།