འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་ཐོག་ཐུན་མོང་གི་སྒྲིག་གཞི་བསྐྲུན་རྒྱུའི་
    འཆར་གཞི་བཀོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༢ཉིན་འབར་མ་རྒྱལ་ཁབ་ཀྱི་རྒྱལ་ས་ནེ་པེ་ཏུའུ་གྲོང་ཁྱེར་དུ་འཚོཊ་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་ཚོགས་འདུ་སྐབས་༢༥པ་མཇུག་འགྲིལ་ཞིང་། ཚོགས་འདུའི་ཐོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་རྒྱུའི་འཕེལ་རིམ་ལ་ཕྱིར་དྲན་དང་གྲོས་བསྡུར་བྱས་པ་མ་ཟད། རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་པའི་ས་ཁུལ་གྱི་སྒྲོམ་གཞིའི་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྩ་འཛུགས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱས་པའི་ལམ་སྲོལ་སྣ་ཚོགས་ཀྱི་ནུས་པར་ཤུགས་སྣོན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུ་བསྐྱར་བཤད་བྱས་པ་རེད།
         ཚོགས་འདུ་གྲོལ་རྗེས་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་ཚོགས་འདུའི་ཐོག་༢༠༡༥ལོའི་རྗེས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞིའི་འཆར་གཞི་བཀོད་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་བསྟན་པ་དང་སྦྲགས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་བསམ་འཆར་སྤེལ་རེས་བྱས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཨེ་ཤེ་ཡ་ཤར་ལྷོ་དེ་ཉིད་ཆབ་སྲིད་ཐོག་གོང་བུ་གཅིག་ཏུ་འགྲིལ་བ་དང་། དཔལ་འབྱོར་ཐད་གསོན་ཤུགས་རྒྱས་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ཞི་མཐུན་གྱི་ཐུན་མོང་སྒྲིག་གཞི་ཞིག་ཏུ་གཏོད་རྒྱུ་ཡིན་ལུགས་བསྐྱར་བཤད་བྱས་པ་མ་ཟད། དེ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྩ་བའི་འདུན་པ་དང་མཐུན་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།