འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་
    འཛུགས་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པ་གཙོ་སྐྱོང་
    དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པ་ཚེས་11ཉིན་པེ་ཅིང་ཧོའེ་རོའུ་གཡན་ཆིའི་མཚེའུའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཁོངས་མིའི་འགོ་ཁྲིད་ཁག་གིས“འབྱུང་འགྱུར་ལ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུའི”བརྗོད་དོན་གཙོ་བོར་དམིགས་ནས་དགོངས་འཆར་བརྗེ་རེས་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་ནས་ཡོངས་ཁྱབ་ཏུ་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དུས་བབ་གསར་པའི་མདུན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་སྒྲིག་གཞིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་འཕེལ་རྒྱས་གསར་གཏོད་དང་། འཕར་སྣོན་མཉམ་འགུལ། ཁེ་ཕན་མཉམ་འདྲེས་བཅས་ཀྱི་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་ཆགས་སྟངས་བཏོད་ནས་ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས།མཉམ་ལས།གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་བཙུགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱིས་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ལས་འགན་གསར་པ་སྤྲད་ཡོད།དེ་རིང་ང་ཚོ་གཡན་ཆིའི་མཚེའུའི་འགྲམ་དུ་འཛོམས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཇི་ལྟར་བྱས་ནས་སྔར་སོང་རྒྱུན་འཛིན་དང་།མ་འོངས་གསར་གཏོད།མཉམ་ལས་ལ་ཤུགས་སྣོན།མཉམ་དུ་གོང་སྤེལ་བཅས་ལ་གྲོས་བསྡུར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རྒྱུ་རེད་ཅེས་བསྟན་པ་རེད།
        ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་མདུན་དུ་ང་ཚོས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་།ཕུགས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྒོ་དབྱེའི་རྣམ་པ་གཏོད་པ།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།ང་ཚོས་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་གསར་གཏོད་ལ་སྐུལ་མ་གཏོང་བ་དང་འཕར་གཞི་དང་སྒུལ་ཤུགས་གསར་པ་སྔོག་འདོན་བྱས་ནས་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་ནང་འཕེལ་གྱི་སྒུལ་ཤུགས་འཕེལ་བ་བྱེད་དགོས།ང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཁྱོན་ཡོངས་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་གཏོད་དེ་རྐང་འོག་གི་ལམ་བུ་དང་།སྒྲིག་སྲོལ་གྱི་ལམ་བུ།སེམས་ཁམས་ཀྱི་ལམ་བུ་བཅས་ཀྱིས་ཞི་བདེ་རྒྱ་མཚོ་ཆེ་མོའི་ངོགས་གཉིས་ཀྱི་ཁོངས་མི་ཡོངས་འབྲེལ་མཐུད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་དེའི་ཐད་དགོངས་ཚུལ་བཞི་བཏོན་གནང་བ་སྟེ།གཅིགའཕེལ་རྒྱས་ཀྱི་འཆར་གཞི་ཐུན་མོང་ཐོག་བཀོད་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འགོ་འཛུགས་པ་དང་།ཕན་ཚུན་སྦྲེལ་མཐུད་ལ་སྐུལ་མ་གཏོང་བ།གསར་གཏོད་འཕེལ་རྒྱས་དོན་གཉེར་བྱེད་པ་སོགས་ཀྱི་ཐད་བྱུང་བའི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དུ་འགྱུར་བ་བྱེད་པ་དང་།གཉིས།གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་རིམས་ནད་དང་།འབྲུ་རིགས་བདེ་འཇགས།ནུས་ཁུངས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ།གསུམ།མཉམ་ལས་ཀྱི་མཐུན་རྐྱེན་ཐུན་མོང་ཐོག་བཏོད་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེ་གཞི་གཅིག་ཅན་ལ་སྐུལ་མ་གཏོང་བའི་ལམ་ལུགས་ཀྱི་མཐུན་རྐྱེན་དང་།ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ཀྱི་མཐུན་རྐྱེན།ཚོང་དོན་རང་སྲུང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྒོ་དབྱེའི་མཐུན་རྐྱེན།དཔལ་འབྱོར་ལག་རྩལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འཕེལ་རྒྱས་ཀྱི་མཐུན་རྐྱེན།ཕན་ཚུན་སྦྲེལ་མཐུད་ལ་སྐུལ་མ་གཏོང་བའི་མཐུད་འབྲེལ་གྱི་མཐུན་རྐྱེན་བཅས་ལ་འགྱུར་བ་བྱེད་དགོས།ཀྲུང་གོ་ཕྱོགས་ཀྱིས་ཨ་སྒོར་ཁྲི1000ཞལ་འདེབས་བརྒྱབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་གཞི་དང་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་པ་དང་ཁྱབ་ཁོངས་ཁག་གི་དམ་པ་དོན་གཉེར་གྱི་མཉམ་ལས་བྱེད་པ།བཞི།མཉམ་འགུལ་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ཁོངས་མིར་མ་དངུལ་དང་ལག་རྩལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་མཉམ་འགུལ་ཕན་ནུས་ཆེ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས།མ་འོངས་ལོ་གསུམ་ནང་ཀྲུང་གོ་སྲིད་གཞུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གཏོང་བའི་ཁོངས་མིར་གསོ་སྦྱོང་མི་སྐལ་1500མཁོ་འདོན་བྱས་ནས་ཚོང་དོན་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལ་སྤྱོད་རྒྱུ་ཡིན་པ་བཅས་རེད།
        དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་ཀྱིས་བརྗོད་དོན་གཙོ་བོར་དམིགས་ནས“ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏོང་བ”དང“དཔལ་འབྱོར་གསར་གཏོད་འཕེལ་རྒྱས་དང་སྒྱུར་བཅོས་དང་འཕར་སྣོན་ལ་སྐུལ་འདེད་གཏོང་བ”“ཁྱོན་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”བཅས་གྲོས་གཞི་གཙོ་གནད་གསུམ་ལ་དམིགས་ཏེ་གྲོས་བསྡུར་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཆར་གཞི་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་མངོན་འགྱུར་ཡོང་ཆེད་དམ་པ་དོན་གཉེར་གྱི་བྱ་སྤྱོད་སྤེལ་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྣེ་འདྲེན་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་དཔལ་འབྱོར་ལག་རྩལ་མཉམ་ལས་དང་ནུས་པ་འཛུགས་སྐྱོང་ལ་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།འཐབ་ཇུས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་།ཆབ་སྲིད་ཀྱི་བློ་རྒྱ་མངོན་པ།བཏང་སྙོམས་ཁོང་དུ་ཆུད་པ།བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་དང་།སྒྱུར་བཅོས།འཕར་སྣོན་བཅས་མངོན་འགྱུར་ཡོང་རྒྱུར་སྐུལ་མ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་སྣེ་ཁྲིད་གནས་བབ་བརྟན་དུ་གཏོང་དགོས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་དང་།སྲིད་ཇུས་ཀྱི་འབྲེལ་གཏུག་དང་འཆར་འགོད་མཐུད་སྦྱོར་ལ་ཤུགས་སྣོན་རྒྱག་པ།མི་དམངས་དབར་མཛའ་གྲོགས་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་དང་།ས་ཁོངས་།རྒྱལ་སྤྱི་བཅས་རིམ་གྲས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཕན་ཚུན་སྦྲེལ་མཐུད་ཡོང་རྒྱུར་ཐུན་མོང་ཐོག་གཞོལ་དགོས་ཞེས་བསྟན་པ་རེད།
        ཞིས་ཅིན་ཕིང་གིས་ཕན་ཚུན་འབྲེལ་མཐུད་ཀྱི་མཉམ་ལས་ནི་ཀྲུང་གོ་ཕྱོགས་ཀྱི“ཁུལ་གཅིག་ལམ་གཅིག”གྲོས་འགོའི་སྙིང་པོ་རེད།ཀྲུང་གོ་ཕྱོགས་ཀྱིས་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་རྣམས་འབྲེལ་ཡོད་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་ཐུན་མོང་ཐོག“ཁུལ་གཅིག་ལམ་གཅིག”དེ་ཚང་མའི་མཉམ་ལས་ཀྱི་ལམ་བུ་དང་།མཛའ་གྲོགས་ཀྱི་ལམ་བུ།གཉིས་ཕན་ལམ་བུ་བཅས་ལ་འགྱུར་བ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཕྱི་དྲོའི་ཆུ་ཚོད་བཞི་པར་ཚོགས་འདུ་གྲོལ་བ་དང་ཚོགས་འདུའི་ཐོག《པེ་ཅིང་རྩ་འཛིན།མཉམ་འདྲེས་དང་།གསར་གཏོད།ཕན་ཚུན་འབྲེལ་མཐུད་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་འཛུགས་དགོས—ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་ཀྱི་སྦྲགས་གཏམ》དང《མ་འོངས་ལ་ཕྱོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས—ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་25འཁོར་བའི་གསལ་བསྒྲགས》སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།