འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་སྐོར་གྱི་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་06ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་སྐོར་གྱི་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།
        མི་དམངས་དྲ་བའི་འཕྲིན། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་སྐོར་གྱི་འགྲེམས་སྟོན་དང་༼བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་༽ཞེས་པའི་དངོས་མཚོན་གློག་བརྙན་ཕབ་འགོ་རྩོམ་པའི་མཛད་སྒོ་ཚེས་6ཉིན་པེ་ཅིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་བཤམས་མཛོད་ཁང་དུ་འཚོགས་པ་རེད། སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་རག་སྡིས་མཛད་སྒོར་ཞུགས།
         བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་ནི་དུས་རབས་13པའི་ནང་བྱུང་བ་དང་། ལོ་ངོ་700ཡི་ལོ་རྒྱུས་འཕེལ་རིམ་ཁྲོད་ལམ་སྲོལ་འདི་འཐུས་སྒོ་ཚང་བའི་ལམ་ལུགས་ཤིག་ཏུ་གྱུར་ཡོད། 2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་དོ་དམ་བྱ་ཐབས་༽ཁྱབ་བསྒྲགས་བྱས་ཏེ་སྤྲུལ་སྐུའི་ལམ་སྲོལ་གྱི་རྩ་དོན་དང་། ཆ་རྐྱེན། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་སོགས་གཏན་འཁེལ་གསལ་པོ་བྱས། དུས་དེ་ནས་བཟུང་རང་རྒྱལ་གྱིས་སྤྲུལ་སྐུའི་ལམ་སྲོལ་ལ་དོ་དམ་བྱེད་ཚུལ་ཁྲིམས་ལུགས་ཅན་གྱི་ལམ་དུ་སྐྱོད་ཡོད་པ་མཚོན།
         འབྲེལ་ཡོད་མི་སྣས་ངོ་སྤྲོད་ལྟར་ན་༼བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་༽ཞེས་པའི་དངོས་མཚོན་གློག་བརྙན་དེ་སང་ལོའི་ཟླ་5པའི་ནང་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་རེད།
    【1】  【2】
    ༄༅།།བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་སྐོར་གྱི་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།