འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་
    པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་
    བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་སྐོང་ཚོགས་གནང་སྟེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་བསམ་བློ་དང་བྱ་སྤྱོད་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན་བཅས་ཀྱི་ཐོག་གཅིག་གྱུར་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་དང་ཚན་རིག་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏན་ཏན་ཏིག་ཏིག་གི་ལས་ཀའི་ཐོག་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འཕེལ་རིམ་ཁྲོད་སྐོང་ཚོགས་བྱས་པའི་ཁྱོན་ཡོངས་རང་བཞིན་དང་།འཐབ་ཇུས་རང་བཞིན།ལམ་ཚད་རྡོ་རིང་། དུས་རབས་འབྱེད་པ་བཅས་ཀྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་། གསལ་བཤད་གལ་ཆེན། གསུང་བཤད་གལ་ཆེན། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི《གཏན་འབེབས》ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཐབ་ཇུས་ཧྲིལ་པོར་དམིགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་ཀྱི་བསམ་བློ་དང་། སྤྱིའི་དམིགས་ཚད། གཞི་རྩའི་རྩ་དོན་བཅས་གསལ་པོ་བཏོན་པ་དང་།ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པ།ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་སྐྱོང་གིས་འབྲེལ་བ་སོགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་གཞགདམངས་ཡོངས་ཀྱིས་ཁྲིམས་སྲུང་།ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་། ཏང་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་ལ་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་མ་ནུས་ལྡན་ཐེབས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྒོ་ཀུན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་རྒྱང་རིང་སློབ་སྦྱོང་ནན་ཏན་དང་ངོས་འཛིན་གང་ལེགས་བྱས་ནས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཚན་རིག་དང་མཐུན་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་དོན་དངོས་དང་ཟུང་འབྲེལ་དང་མི་སེམས་ལ་ཟུག་ཐུབ་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་གལ་ཆེན་དང་།གསལ་བཤད་གལ་ཆེན།གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ཐོག་གཅིག་གྱུར་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།
        ཚོགས་འདུའི་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྙན་སྒྲོན་གལ་ཆེན་དང་།གསུང་བཤད་གལ་ཆེན།གསལ་བཤད་གལ་ཆེན་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་།སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཏང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་བྱ་རྒྱུ་བཅས་དང་ཟུང་འབྲེལ་དང་།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དམ་འཛིན་དང་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱེད་དགོས།
        གཅིག་ནས་ཚད་མཐོའི་མཐོང་ཆེན་དང་མྱུར་དུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དགོས།ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུ་དང་།ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ།སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་དུས་ཐོག་ཏུ་སྐོང་ཚོགས་བྱས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་གལ་ཆེན་དང་།གསལ་བཤད་གལ་ཆེན།གསུང་བཤད་གལ་ཆེན་དང་ཀྲུང་དབྱང《གཏན་འབེབས》ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་དང་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།
        གཉིས་ནས་བརྡ་ཐོ་བཏང་ནས་སྒོ་ཀུན་ནས་སློབ་སྦྱོང་ལག་བསྟར་བྱེད་དགོས།རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བརྡ་ཐོ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བླང་བྱ་ཁ་གསལ་བཏོན་པ་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས།
        གསུམ་ནས་རྒྱ་ཁྱབ་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་ཞིབ་ཕྲའི་བསམ་འཆར་འདོན་དགོས།ཀྲུང་དབྱང་གི་བླང་བྱ་ལྟར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་ལྗོངས་ཀྱི་ཞིབ་ཕྲའི་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་གི་ཐབས་ཇུས་གལ་ཆེན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་ལ་སྐུལ་མ་གཏོང་དགོས་པ།
        བཞི་ནས་ཇུས་གཞི་བཟོ་བ་དང་སློབ་སྦྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་ལྗོངས་ཀྱི་དྲིལ་བསྒྲགས་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བ་དང་རིམ་པ་ཁག་དང་རིགས་ཁག་གི་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆེད་སྒྲིག་ལེ་ཚན་གཏོད་པ་དང་སྒྲོག་འགྲེལ་གསོ་སྦྱོང་བྱས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དང་མི་རིགས་ཁག་གི་མང་ཚོགས་ལ་དངོས་འབྲེལ་ཁྱབ་ཐུབ་པ་བྱེད་དགོས་པ།
        ལྔ་ནས་དོན་དངོས་དང་ཟུང་འབྲེལ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས།བོད་དེ་མཐའ་མཚམས་མི་རིགས་ས་ཁུལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་གནས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་བཅུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་གི་མཛུབ་ཁྲིད་བྱེད་ཕྱོགས་མཐའ་འཁྱོངས་དང་།མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་ནན་པོ་བསྟར་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས།ཁྲིམས་སྐྱོང་བསམ་གཞིག་ཐོག་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས།ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས།ཁྲིམས་དང་སྒྲིག་སྲོལ་ལྟར་བོད་བརྒྱུད་ནང་བསྟན་གྱི་དོ་དམ་གསར་གཏོད་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་བ།ཁྲིམས་ལྟར་སྲིད་འཛིན་དང་།ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུ་མཐའ་འཁྱོངས།གཞུང་དྲང་ཁྲིམས་འཛིན་མཐའ་འཁྱོངས་བྱས་ནས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ།ཁྲིམས་སྦྱོང་ཁྲིམས་ཤེས་མཐའ་འཁྱོངས་བྱས་ནས་དམངས་ཡོངས་ཀྱིས་ཁྲིམས་སྲུང་ལ་སྐུལ་མ་གཏོང་བ།ཁྲིམས་སྐྱོང་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས།ཏང་གིས་ཁྲིམས་ལྟར་བཅོས་སྐྱོང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་སྒོ་ཀུན་ནས་དོན་འཁྱོལ་ཡོང་རྒྱུ་འགན་ལེན་མཐའ་འཁྱོངས་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།