འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་
    འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་
འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
      (2014ལོའི་ཟླ་10ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
       ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2014ལོའི་ཟླ་10ཚེས་20ནས་ཚེས་23ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
         ད་རེས་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་199དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་164ཡོད་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་ཀྱང་ཚོགས་འདུར་ཟུར་ཞུགས་གནང་ཡོད།
        ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀའ་མངགས་ལྟར་ཞིས་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་དང་《ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་ཞིས་ཅིན་ཕིང་གིས《གཏན་འབེབས(གྲོས་བསྡུར་མ་ཟིན)》ཐད་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་།གཅིག་གྱུར་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བ་དང་།རྒྱལ་ནང་གི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་ལྗིད་རྫོབ་ཤིན་ཏུ་ཆེ་བའི་འོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་།ཐེངས་གཉིས་པ།ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་་མཐོན་པོར་སྒྲེང་བ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་ཁྱོན་ཡོངས་གཉིས་སྤྱི་འདོམས་བྱས་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་རྐང་ཁོང་དུ་ནན་པོ་ཆུད་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་ལས་དོན་ཁག་ལ་སྐུལ་མ་བཏང་ཐོག་བསམ་བློ་དང་ལམ་ལུགས་ཐོག་ནས་སྒྱུར་འཕེལ་བརྟན་གསུམ་དང་།ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་།ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་།ཁྱོན་ཡོངས་རང་བཞིན།ཕུགས་ཀྱི་རང་བཞིན་བཅས་འཆར་འགོད་བྱ་རྒྱུར་སྣང་ཆེན་བྱས་ཡོད་པ་རེད།
        ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམས་པར་བྱས་ཏེ།སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་བསམ་ཕྱོགས་དང་བྱེད་སྟངས་གསར་གཏོད་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་སེལ་བ།དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་བ།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤྱིར་ན་ལེགས་སྒྲུབ་བྱུང་བ།བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པ།ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་ལ་བརྟེན་ནས།ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག་དུས་ཡུན་རིང་པོའི་ནང་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་དང་།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་བྱས་ནས།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ།ཏང་གི་སྲིད་འཛིན་ནུས་པ་དང་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་མ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོའི་ཏང་གིས་རྒྱལ་སྤྱི་རྒྱལ་ནང་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དེ་བས་ལེགས་པ་དང་།རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་དེ་བས་ལེགས་པར་བྱེད་པ།སྤྱི་ཚོགས་སྟོབས་ཤུགས་སྤྱི་འདོམས་དང་།སྤྱི་ཚོགས་ཁེ་ཕན་བཏང་སྙོམས།སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་སྒྲིགསྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་བཅས་དེ་བས་ལེགས་པ་བྱས་ཏེ་འཕོ་འགྱུར་གཏིང་ཟབ་འགྲོ་རིང་རང་རྒྱལ་གྱི་སྤྱི་ཚོགས་སྐྱེ་སྟོབས་དཔལ་འབར་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་།ཆབ་སྲིད་དྭངས་གསལ།རིག་གནས་གྲ་རྒྱས།སྤྱི་ཚོགས་གཞུང་དྲང་།སྣོད་བཅུད་བཟང་བ་བཅས་མངོན་འགྱུར་དང་རང་རྒྱལ་གྱི་ཞི་བདེ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ཁྲིམས་སྐྱོང་གི་སྣེ་འདྲེན་དང་ཚད་ལྡན་གྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ།མར་ཁེ་སི་ལེ་ཉིང་རིང་ལུགས་དང་།མའོ་ཙེ་ཏུང་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ།ཏང་གི་འགོ་ཁྲིད་དང་།མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་པ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་།སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་།རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་དེ་རེད།དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་བསྟར་བྱས་ཏེ་ཆ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་།ནུས་པ་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགནན་ཞིང་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགནུས་པ་ལྡན་པའི་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་ཆགས་པ་དང་།འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པ་བྱས་ཏེ།ཁྲིམས་ལྟར་རྒྱལ་སྐྱོང་དང་།ཁྲིམས་ལྟར་སྲིད་སྐྱོང་།ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་དང་།ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས།ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།ཁྲིམས་འཛིན་ནན་པོ་བྱེད་པ།དྲང་གཞག་ཁྲིམས་འཛིན།དམངས་ཡོངས་ཁྲིམས་སྲུང་བཅས་མངོན་འགྱུར་ཡོང་བ་བྱས་ཏེ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།སྤྱིའི་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།མི་དམངས་ཀྱི་གཙོ་གཟུགས་གནས་བབ་མཐའ་འཁྱོངས།བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས།ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བཟང་རྒྱལ་སྐྱོང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས།ཀྲུང་གོའི་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།