འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་རྨ་ཆུ་རྫོང་གིས་དགོན་པའི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 08:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་རྨ་ཆུ་རྫོང་གིས་དགོན་པར་ཞབས་ཞུ་དང་སྤྱི་ཚོགས་འགན་ལེན་བྱ་རྒྱུ་དེ་ཆོས་ལུགས་དོ་དམ་གསར་གཏོད་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཕྱོགས་ཁག་ནས་མ་དངུལ་གྲབས་གསོག་དང་རྣམ་གྲངས་བརྩོན་ལེན་བྱས་ཐོག་དགོན་པ་དང་དགོན་པའི་ཉེ་འགྲམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་དགོན་པ་དང་རྒྱ་ཆེའི་དགེ་འདུན་པ་ཚོའི་དཀའ་ངལ་ཁྱད་བསད་བྱས་པ་རེད།
         མིག་སྔའི་བར་རྨ་ཆུ་རྫོང་གིས་མ་དངུལ་སྒོར་ཁྲི་7700བཏང་ནས་དགོན་པའི་རྨང་གཞིའི་སྒྲིག་བཀོད་དང་དགེ་འདུན་པ་སྡོད་སའི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་ཡོད། རྫོང་ནོར་སྲིད་ཅུས་དང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་ཆ་རྐྱེན་དང་མཐུན་པའི་དགེ་འདུན་པ་1468ལ་ལོ་རེར་འཚོ་བའི་ཁ་གསབ་སྒོར་ཁྲི་267སྤྲད་དེ་དགེ་འདུན་པའི་འཚོ་བའི་དཀའ་ངལ་དང་ཕུགས་ཀྱི་སེམས་ཁྲལ་བསལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།