འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་དང་ཕུའུ་ཅིང་གིས་2014ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་
    རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་2014ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
          ཞིས་ཅིན་ཕིང་གིས་འཕྲིན་ཡིག་ནང་གླེང་སྟེགས་འཚོགས་པར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་དང་གླེང་སྟེགས་ནང་ཞུགས་མཁན་ཨུ་རུ་སུའི་འཐུས་མི་ཚོགས་པ་དང་འཛམ་གླིང་ས་གནས་ཁག་གི་སྐུ་མགྲོན་ལ་ལྷག་བསལ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས་ཚན་རྩལ་གྱིས་འཕེལ་རྒྱས་སྣ་འདྲེན་དང་གསར་གཏོད་ཀྱིས་འཛམ་གླིང་ལ་འཕོ་འགྱུར་གཏོང་གི་ཡོད། དེང་དུས་འཛམ་གླིང་དུ་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གི་རེས་སྐོར་གསར་པ་ཞིག་ཡོང་བཞིན་ཡོད་པས་ཚན་རིག་ལག་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གཙོ་བོར་འགྱུར་བཞིན་ཡོད། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་བ་དང་ཚན་རྩལ་གསར་གཏོད་སྲོག་ཤིང་བྱས་པའི་ཁྱོན་ཡོངས་ཀྱི་གསར་གཏོད་ལ་སྐུལ་མ་གཏོང་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་ཡོངས་ཀྱི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་ཞུགས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན།
      

    ཕྱོགས་བསྡུས་གསར་འགྱུར།